e-texts navigator
Collection
Volume
Page
Wylie

545a1 ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བ་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི
545a2 འགྱུར|་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པའང་ཐོབ་པར་བྱེད་དོ། །གནས་འཇོག་གི་རྒྱུད་དག་།ཛམྦུའི་གླིང་ལྟ་ཞོག་གི་།གནས་འཇོག་གི
545a3 རྒྱུད་དག། ཤར་གྱི་ལུས་འཕགས་གླིང་ཞེས་བྱ་བ་ཆུ་དང་རྒྱར་དཔག་ཚད་བརྒྱད་སྟོང་ཡོད་ཅིང་། ཟླ་གམ་དུ་གནས་པ་ཡོད་དེ། དེ་ལའང་གོམ་པ་འདི་སྙེད་ཅིག་ཡོད་དོ་ཞེའམ།
545a4 གོམ་པ་བརྒྱའམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་དོ། །ཞེས་བགྲང་བ་དང་། ཚད་གཟུང་བར་ནུས་ཀྱི། གནས་འཇོག་གི་རྒྱུད་དག་།སངས་རྒྱས་ལ་དགེ་བའི
545a5 རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད
545a6 པའང་ཐོབ་པར་བྱེད་དོ། །ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི། བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར
545a7 མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟང་བའང་ཐོབ་པར་བྱེད་དོ། །གནས་འཇོག་གི་རྒྱུད་དག་།ཛམྦུའི་གླིང་ཡང་ཞོག། ཤར་གྱི་ལུས




iiif viewer powered by OpenSeadragon

544b - 545b

Texts on this page

H298 - 'phags pa rdo 'phangs pa'i mdo