| | e-texts navigator
|
538a1 རྣམ་པར་བྱང་བ་དང་། རྣམ་པར་གནས་པ་དང་། རྣམ་པར་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་།དེ་བཞིན
538a2 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་གསུམ་པ་དེ་དང་ལྡན་པ་དག་ཡིན་ཞིང་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེས་ཏེ
538a3 ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེངྒེའི་སྒྲ་སྒྲོག་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་།གཞན་ཡང་དེ་བཞིན་གཤེགས་པ་དགྲ
538a4 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི
538a5 ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་།འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སེམས་ཅན་གཞན
538a6 དག་དང་། གང་ཟག་གཞན་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་།དེ་བཞིན་གཤེགས
538a7 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི། སྟོབས་བཞི་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེས་ཏེ་ཚངས
iiif viewer powered by OpenSeadragon
537b - 538b