| | e-texts navigator
|
534a1 ལགས་སོ། །བཙུན་པ། དེ་བཞིན་དུ་བདག་ས་ཆེན་པོ་སྒྱུར་བར་བགྱིད་པ་ན། འདུ་ཤེས་མཆོག་ཏུ་ཡང་བ་དང་ལྡན་པར་བགྱིད་ལགས་སོ། །དེ་ལ་ཡང་འདི་སྐད
534a2 ཅེས་བཀའ་སྩལ་ཏོ། །མཽདྒལ་གྱི་བུ། ལེགས་སོ་ལེགས་སོ། །མཽདྒལ་གྱི་བུ། ཁྱོད་ཀྱི་རྫུ་འཕྲུལ་དེ་དང་ཐབས་དེས་ས་ཆེན་པོ་ནི། བསྒྱུར་བར་ནི། ནུས་པར་གྱུར་ན། ས་ཆེན་པོ་བསྒྱུར
534a3 བར་དེ་བཞིན་གཤེགས་པ་ཁྱོད་ལ་གནང་བ་མི་མཛད་དོ། །མཽདྒལ་གྱི་བུ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་ཕལ་ཆེར་ཁ་ཟས་ཀྱི་རོ་ལ་ཆགས་ཤིང་། ཁ་ཟས་ཀྱི་རོ་ལ་རྨོངས
534a4 ཏེ|་ཀུན་ཏུ་གཏི་མུག་པར་འགྱུར་རོ། །མཽདྒལ་གྱི་བུ། དེ་ཅིའི་ཕྱིར་ཞེ་ན། ས་ཆེན་པོའི་སྟེང་ན་ས་ལས་བྱུང་བའི་རོའི་ཁམས་གྱ་ནོམ་པ་དེ་ཡང་ཡུན་རིང་དུ་མི་གནས་ཏེ། རིང་པོ་མི
534a5 ཐོགས་པར་དེ་ས་ཆེན་པོའི་སྟེང་ན་ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པར་འགྱུར་རོ། །དེའི་ཕྱིར་སེམས་ཅན་དང་། འབྱུང་པོ་དང་། སྲོག་ཆགས་དེ་དག་ཀྱང་ཁ་ཟས་ཀྱི་རོ་ལ་ཆགས
534a6 ཤིང་། ཁ་ཟས་ཀྱི་རོ་ལ་རྨོངས་ཏེ། མཆོག་ཏུ་མྱོས་པར་འགྱུར་བའམ། སྲོག་ཆད་ནས་ཤི་བའི་དུས་བྱེད་པར་འགྱུར་ཏེ། མཽདྒལ་གྱི་བུ། དེའི་ཕྱིར་ས་ཆེན་པོ་བསྒྱུར་བར་དེ་བཞིན
534a7 གཤེགས་པ་ཁྱོད་ལ་གནང་བར་མི་མཛད་དོ། །གནས་འཇོག་གི་རྒྱུད་དང་། དགེ་སློང་མཽདྒལ་གྱི་བུ་ནི། རྫུ་འཕྲུལ་གྱི་སྟོབས་དེ་ལྟ་བུ་དང་ལྡན་ནོ། །གནས་འཇོག་གི་རྒྱུད་དག་།
iiif viewer powered by OpenSeadragon
533b - 534b