e-texts navigator
Collection
Volume
Page
Wylie

531a1 དག་ཤེས་རབ་ཀྱི་སྟོབས་ཇི་ལྟ་བུ་དང་ལྡན་པ་དག་ལགས། གནས་འཇོག་གི་རྒྱུད་དག་།ཁྱེད་དེ་བཞིན་གཤེགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ
531a2 པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་རབ་ཀྱི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས། མཆོག་ཏུ་འཚལ་ལགས་སོ། །བདེ་བར་གཤེགས་པ།
531a3 མཆོག་ཏུ་འཚལ་ལོ། །གནས་འཇོག་གི་རྒྱུད་དག་།དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །གནས་འཇོག་གི་རྒྱུད་དག་།རྒྱ་མཚོ་ཆེན་པོ
531a4 ནི|་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ། རྒྱར་དཔག་ཏུ་མེད་པ་དེ་སྣག་ཚའི་ཉིང་ཁུས་ཡོངས་སུ་གང་བར་གྱུར་ཅིང་། རིའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱད་ཁྲི་ཆུའི་ནང་ནས
531a5 མངོན་དུ་འཕགས་ཏེ། རིན་པོ་ཆེ་སྣ་བཞི་ལས་བྱས་ཤིང་ངོས་བཞི་ཡོད་པ། དེའི་ངོས་གཅིག་ནི། གསེར་ལས་བྱས་པ་ཡིན། ངོས་གཉིས་པ་ནི། དངུལ་ལས་བྱས་པའོ། །གསུམ
531a6 པ་ནི|་བཻ་ཌཱུཪྱ་ལས་བྱས་པའོ། །བཞི་པ་ནི། ཤེལ་ལས་བྱས་པ་སྟེ། དེ་ལ་གསེར་གྱི་ངོས་སུ་ནི། བྱང་གི་སྒྲ་མི་སྙན་གྱི་གླིང་སྣང་ངོ་། །དངུལ་ལས་བྱས་པའི་ངོས་སུ་ནི། ཤར་གྱི
531a7 ལུས་འཕགས་ཀྱི་གླིང་སྣང་ངོ་། །བཻ་ཌཱུཪྱ་ལས་བྱས་པའི་ངོས་ན་ནི། ཛམྦུའི་གླིང་སྣང་ངོ་། །ཤེལ་ལས་བྱས་པའི་ངོས་ན་ནི། བ་ལང་སྤྱོད་ཀྱི་གླིང་སྣང་ངོ་། །རིའི་རྒྱལ་པོ་རི་རབ་དཔག




iiif viewer powered by OpenSeadragon

530b - 531b

Texts on this page

H298 - 'phags pa rdo 'phangs pa'i mdo