e-texts navigator
Collection
Volume
Page
Wylie

525b1 གཅིག་གི་སྟོབས་སོ། །སྒྲ་གསལ་བར་མི་བྱེད་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་སྒྲ་ཆེན་པོར་བྱེད་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ། །སྒྲ་ཆེན་པོར་བྱེད་པའི་གླང་པོ་ཆེ
525b2 བཅུའི་སྟོབས་གང་ཡིན་པ་དེ་མཆེ་བ་གཅིག་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ། །མཆེ་བ་གཅིག་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་རི་སྔོན་པོའི་གླང་པོ་ཆེ་གཅིག་གི
525b3 སྟོབས་སོ། །རི་སེར་པོ་དང་། རི་དམར་པོ་དང་། རི་དཀར་པོ་དང་། དྲི་མཆོག་དང་ལྡན་པ་དང་། དྲི་ངད་འཇམ་པ་དང་ལྡན་པ་དང་། དྲི་ཨུཏྤ་ལ་དང་ལྡན་པ་དང་། དྲི་ཀུ་མུད་དང་ལྡན་པའི
525b4 སྟོབས་ཀྱང་དེ་བཞིན་ནོ། །ཀུ་མུ་དའི་སྤོས་ཀྱི་གླང་པོ་ཆེའི་སྟོབས་གང་ཡིན་པ་དེ་པདྨའི་གླང་པོ་ཆེ་གཅིག་གི་སྟོབས་སོ། །པདྨའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་པདྨ་ཆེན་པོའི
525b5 གླང་པོ་ཆེ་གཅིག་གི་སྟོབས་སོ། །པདྨ་ཆེན་པོའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་གངས་ཁྲོད་དུ་སྐྱེས་པའི་གླང་པོ་ཆེ་གཅིག་གི་སྟོབས་སོ། །གངས་ཁྲོད་དུ་སྐྱེས་པའི་གླང་པོ
525b6 ཆེ་བཅུའི་སྟོབས་གང་ཡིན་པ་དེ་ཚན་པོ་ཆེ་དང་ལྡན་པ་བལ་གླང་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་སོ། །ཚན་པོ་ཆེ་དང་ལྡན་པ་བལ་གླང་སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང
525b7 ཡིན་པ་དེ་ཚན་པོ་ཆེ་དང་ལྡན་པ་ཕྱེད་པོ་གཅིག་གི་སྟོབས་སོ། །ཚན་པོ་ཆེ་དང་ལྡན་པ་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ་ཚན་པོ་ཆེ་དང་ལྡན་པ་གཅིག་གི་སྟོབས་སོ། །




iiif viewer powered by OpenSeadragon

525a - 526a

Texts on this page

H298 - 'phags pa rdo 'phangs pa'i mdo