e-texts navigator
Collection
Volume
Page
Wylie

518a1 གྱད་རྣམས་ཀྱིས་རི་མོར་བྱ་བ་མཆོག་གིས་རི་མོར་བྱས། མཆོད་པར་བྱ་བ་མཆོག་གིས་མཆོད་།བླ་མ་ལ་གུས་པ་མཆོག་གིས་ཀྱང་བསྙེན་བཀུར་བྱས
518a2 སོ|་|བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་ཆོས་ཀྱི་སྦྱིན་པ་དམ་པ་གྱ་ནོམ་པ་བླ་ན་མེད་པས་ཕན་གདགས་པར་མཛད་དོ། །དེ་ལ་བཅོམ་ལྡན་འདས་གནས་པ་ཇི་ལྟ་བུར
518a3 ག་ནས་པས་རིང་པོ་མི་ཐོགས་པར་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་བདག་ཅག་གི་གྲོང་གི་ཞིང་དུ་ཀུ་ཤའི
518a4 གྲོང་ཁྱེར་དུ་གཤེགས་སོ་སྙམ་མོ། །དེ་ལ་གང་འོ་ན་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་དེ་ལ་རི་མོར་བྱ་བ་དང་། མཆོད་པར་བྱ་བས་བདག་ལ་ཕན་པར་བྱ་བའི་ཕྱིར
518a5 ཀུ་ཤའི་གྲོང་ཁྱེར་ཀུན་ཆོ་ག་བཞིན་དུ་ཕྱག་དར་དག་བྱ། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར་བྱ་བ་དག་བྱས་ནས་རྒྱན་དང་། ལྷབ་ལྷུབ་ཐམས
518a6 ཅད་དང་། བདུག་པ་དང་། ཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བྱ། གདུགས་དང་། རྒྱལ་མཚན་དང་། བ་དན་དག
518a7 གཟུགས་པར་བྱ། དུས་སྟོན་དག་ཏུ་གནས་པར་བྱ། བཅོམ་ལྡན་འདས་ལ་མ་གང་ནས་གཤེགས་པར་བརྩོན་པའི་གཤེགས་ཤུལ་དེ་ཡང་ཆོ་ག་བཞིན་དུ་ཕྱག་དར




iiif viewer powered by OpenSeadragon

517b - 518b

Texts on this page

H298 - 'phags pa rdo 'phangs pa'i mdo