e-texts navigator
Collection
Volume
Page
Wylie

92b1 སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བ་དང་། དགེ་སློང་དག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་བཟོད་པ་དང་དེས་བ་སྲོག་གི་ཕྱིར་ཡང་ཡོངས
92b2 སུ་མི་གཏང་བ་དང་། དགེ་སློང་དག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགོན་པ་ལ་གནས་པ་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏང་བར་མི་བྱ་སྟེ།
92b3 དགེ་སློང་དག་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་ཆོས་བཞི་པོ་འདི་དག་སྲོག་གི་ཕྱིར་ཡང་ཡོངས་སུ་གཏང་བར་མི་བྱའོ། །བཅོམ་ལྡན་འདས
92b4 ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །ཐམས་ཅད་མཁྱེན་ཉིད་སེམས་ནི་མི་གཏོང
92b5 ཞིང་། །མཁས་པས་རྫོགས་པའི་བྱང་ཆུབ་སེམས་སྐྱེད་ཅིག་།བཟོད་པ་དེས་པའི་སྟོབས་ལ་རབ་གནས་ཏེ། །དགེ་བའི་བཤེས་གཉེན་ཡོངས་སུ་གཏང་མི་བྱ། །རི་དྭགས་རྒྱལ
92b6 པོ་བཞིན་དུ་འཇིགས་སྤངས་ཏེ། །མཁས་ལག་དགོན་གནས་རྟག་ཏུ་བསྟེན་པར་བྱ། །ཆོས་འདི་དག་ལ་རྟག་ཏུ་རབ་གནས་ནས། །བདུད་རྣམས་བཅོམ་ནས་བྱང་ཆུབ་དེ་འཚང
92b7 རྒྱ|་|བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རང་སྟེ




iiif viewer powered by OpenSeadragon

92a - 93a

Texts on this page

H252 - 'phags pa chos bzhi pa zhes bya ba theg pa chen po'i mdo