| | e-texts navigator
|
22b1 བཅུས་བཅིངས་པ་གྲོལ་ཐར་པར་འཚལ་ལོ། །ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདི་ངོ་བོ་ཉིད་གཙང་གདང་བར་གཅིག་ཏུ་སྤྱད་དེ། སེམས་ཅན་གྱི་རྣམས་ཀུན་གྱི་ལུས་གཅིག་།སེམས
22b2 གཅིག་། སངས་རྒྱས་གཅིག་།ངོ་བོ་ཉིད་གཅིག་།གཙང་གདང་པ་གཅིག་ཐོབ་སྟེ། ཐེག་པ་ཚིགས་ཀྱི་ནང་དུ་ཆུད་ཡང་དག་པར་འཚལ་ལོ། །སེམས་སེམས་ཅན་དམྱལ་བ་ནས་ཐར་ཡང
22b3 དག་པར་འཚལ་ལོ། །སེམས་ཅན་དམྱལ་བ་ནས་ཐར་ཡང་དག་པར་འཚལ་ལོ། །བདག་གི་སེམས་ཅན་གྱི་རྣམས་བསྒྲལ་བའི་ར་མདའ་ནུས་ཏེ། སེམས་ཅན་གྱི་རྣམས་སེམས་ཅན
22b4 དམྱལ་བ་རྣམས་སུ་ལྟུང་ན་བདག་གིས་སངས་རྒྱས་ཀྱི་སྐུ་ལུས་ནུབ་ཅིང་མེད་པར་བགྱིས་ལགས་ན། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཆོས་འདི་བདག་ལ་གཏད་ཅིང་གདམས་པར
22b5 སྨོན་ཏོ|་|བདག་ལའང་སེམས་ཅན་རྒྱ་ཆེར་སྒྲོལ་བ་བཤད་དེ་སེམས་ཅན་གྱི་རྣམས་ཐོས་པ་ཉུང་ལ་ཤེས་པ་མང་། མཐོང་བ་ཉུང་ལ་རིག་པ་མང་། ཡི་གེའི་རི་མོ་མང་དུ་མ་འཚལ་པར
22b6 གཞུང་གི་མངོན་རྟགས་ཐོབ་སྟེ། ཆོས་ཉུང་དུས་ཡང་དག་པར་གྲོལ་ཐར་ལ། གཞན་དོགས་པ་འདྲི་བ་མ་མཆིས་པར་བགྱི་ན། སངས་རྒྱས་ཀྱིས་བྱམས་ཤིང་ཐུགས་རྗེས་གཟིགས་ཏེ་བདག
22b7 ལ་དགྲོལ་བཤད་པར་སྨོན་ཏོ། །སངས་རྒྱས་ཀྱིས་ཕལ་མང་པོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་འདིས་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་གྱི་སངས་རྒྱས་རྣམས་ལ་ཡོན
iiif viewer powered by OpenSeadragon
22a - 23a