e-texts navigator
Collection
Volume
Page
Wylie

20b1 ལ་ཞིག་ན་བ་ཡོད་ནའང་ཀུན་སོས་ཏེ། འདྲེ་གདོན་དང་ངན་པའི་རྣམས་ཉེ་ནུས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་སེམས་ཅན་ལ་ཕན་བསོད་དེ་ལྟ་བུ་ཡོད་ཀྱི། ངས་ཆོས་ཀྱི
20b2 ཡི་གེ་འདི་ཁྱོད་ལ་གཏམས་ཏེ་གཏད་ལ། གཅིག་ཏུ་ན་སེམས་ཅན་ལ་ར་མདའ་བྱ་ཞིང་བསྒྲལ་བའི་ཆོས་ཉུང་དུ་ཐོས་ལ་མང་དུ་ཤེས་པ་དང་། ཉུང་དུ་མཐོང་བ་ལ་མང་དུ་རིག་པ་དང་། ཡི
20b3 གེའི་རི་མོ་མང་དུ་མ་བཙལ་བར་གཞུང་གི་མངོན་རྟགས་ཐོབ་པའང་བཤད་ཀྱི། ཁྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀུན་སེམས་གཅིག་ཏུ་བརྟག་པར་ཉོན་ཅིག་དང་ཁྱོད
20b4 ལ་དགྲོལ་བཤད་དོ། །སེམས་ཅན་ཐམས་ཅད་ཀུན་སེམས་གཅིག་།སངས་རྒྱས་གཅིག་།ངོ་བོ་ཉིད་གཅིག་སྟེ། མྱ་ངན་འཁྲུག་པ་ཐམས་ཅད་ཀུན་ནི། སེམས་གཅིག་ལས་སྐྱེས་སོ། །
20b5 ཀུན་ཀྱང་འདུ་མཆེད་དང་། ཤེས་རབ་གཉིས་ཀྱི་གནས་ཀྱི་རྒྱུ་ལས་ལངས་སོ། །ཇི་ལྟ་ཞེས་བྱས་ན། རྒྱུའི་རང་བཞིན་དང་། བདག་གི་རང་བཞིན་དང་། རང་བཞིན་གཉིས་ཀྱི་སྟོབས་ལས
20b6 སྟོབས་རྣམས་གཉིས་ཀྱི་རང་བཞིན་གཡོས་ཏེ། སྐད་ཅིག་བསམ་པ་ལས་མི་བདེན་པའི་སེམས་སྐྱེས་ཏེ། མི་བདེན་པ་དེ་ལ་ནི། ཕྱི་མོའང་མེད་དོ། །སྐད་ཅིག་སེམས་གཡོས་པའི་ཚེ
20b7 མྱ་ངན་འཁྲག་པའང་མོད་བཞིན་ལྡང་ངོ་། །སེམས་འདི་ལ་བརྟགས་ན་མི་བྱེད་བའི་སེམས་ལ་མི་མོ་མེད་དོ། །ཕྱི་མོ་མེད་ན་གནས་ཀྱང་མེད་དོ། །དེ་ལ་གནས་མེད་པར་རྟོགས་ན་ཚོར




iiif viewer powered by OpenSeadragon

20a - 21a

Texts on this page

H244 - dam pa'i chos kyi rgyal po theg pa chen po'i mdo