| | e-texts navigator
|
138a1 མང་པོའི་དགྲ་ཟུས་ན་ཀུན་གྱིས་ཀྱང་ཐེག་པ་ཆེན་པོའི་ཆོས་ཀྱི་ཡི་གེ་དང་། ཚུལ་ཁྲིམས་ཁ་ཏོན་བཀླགས་ཏེ་དགྲོལ་བ་བཤད་དོ། །
138a2 བྱང་ཆུབ་སེམས་དཔའ་གསར་དུ་སློབ་པ་འདི་བཞིན་མ་བྱས་ན་ལྟུང་བའོ། །ཚུལ་ཁྲིམས་འདི་དགུ་བསླབས་ལ་གུས་པར་རྟག་པར་གཟུངས་སུ་ཟུངས་ཤིག་།
138a3 སྙོམས་པའི་ཆོས་ཀྱི་ལེའུ་ལས་ཀྱང་རྒྱ་ཆེ་ཞིང་མངོན་པར་བཤད་དོ། །སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་བུ་མི་ལ་ཚུལ
138a4 ཁྲིམས་ཤིག་སྦྱིན་ན་བྱེ་བྲག་དབྱེ་ཞིང་གདམ་དུ་མི་རུང་། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་ཆེན་པོ་དང་། བློན་པོ་ཕལ་དང་། དགེ་སློང་དང་། དགེ་སློང་མ
138a5 དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ཕོ་གཡེམ་མོ་གཡེམ་དང་། གཟུགས་ཀྱི་གནམ་བཅོ་བརྒྱད་དང་། འདོད་པའི་ཁམས་ཀྱི་གནམ་དྲུག་དང་། དབང
138a6 པོ་མེད་པ་དང་། དབང་པོ་རྣམ་གཉིས་ཡོད་པ་དང་། ཉུང་རུམ་དང་། བྲན་ཕོ་མོ་དང་། ལྷ་མ་སྲིན་ལ་སོགས་ཏེ་ཐམས་ཅད་ཀུན་ཁྲིམས་མནོད་དུ་རུང་ངོ་། །ལུས
138a7 ལ་ཆོས་ཀྱི་གོས་བགོ་བ་རྣམས་ནི། ཁ་དོག་བསྒྱུར་བར་སྟོན་ལ་ཆོས་དང་མཐུན་པར་གྱིས་ཤིག་།ཁ་དོག་སེར་པོ། སྔོན་པོ། ནག་པོ། དམར་པོ། མལ་གོས་ཡན
iiif viewer powered by OpenSeadragon
137b - 138b