| | e-texts navigator
|
131a1 གཞུང་ལ་བརྟེན་པ་དང་། ཨ་བྷི་དྷརྨ་བཤད་པ་སློབ་པ་དང་། ཐེག་པ་ཆུང་ངུའི་ཡི་གེ་དང་། འདུག་པར་སློབ་ན། དེ་ནི། སངས
131a2 རྒྱས་ཀྱི་ངོ་བོ་ཉིད་ས་བོན་ཆད་པས་ལམ་འགོག་པས་བསྒྲིབས་པའི་རྒྱུ་རྐྱེན་གྱིས་བྱང་ཆུབ་སེམས་དཔའི་ལམ་མ་ཡིན་ནོ། །དེ་ལྟ་ན་ཆེད་ཀར་བྱས་པ་ནི།
131a3 ལྟུང་བའོ། །སངས་རྒྱས་ཀྱི་བུ་སངས་རྒྱས་འདས་པའི་ཕྱིན་ཆོས་འཆང་བ་བདག་པོ་བྱེད་པ་དང་། དགེ་འདུན་གྱི་ཁྱིམ་བདག་པོ་དང་། སྟོན་ཅིང་འཕྲུལ་པའི
131a4 བདག་པོ་དང་། བསམ་གཏན་དུ་འཇུག་པའི་བདག་པོ་དང་། འགྲོ་ཞིང་འོངས་པའི་བདག་པོ་དང་། དེ་ལྟ་བུ་བྱེད་ན་བྱམས་པའི་སེམས་བསྐྱེད་ལ་མི
131a5 མཛའ་སྟེ། འཐབ་ཅིང་རྩོད་པའང་དགེ་བར་བསྡུམ་པའི་རིགས་སོ། །དཀོན་མཆོག་གསུམ་གྱི་ནོར་ཡང་དགེ་བའི་བསྲུངས་ཏེ་མ་འོས་པར་མི་སྤྱད། བདག
131a6 གིས་བདག་གི་སྒོར་བབ་པ་དང་མཚུངས་པར་བྱའོ། །དེ་ལ་ལས་ལོག་པར་མང་པོ་འགྲུབ་ཅིང་འབད་པ་དང་། རང་ཉམས་ཀྱི་སེམས་ཀྱིས་དཀོན་མཆོག
131a7 གསུམ་གྱི་ནོར་སྤྱད་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སྔོན་ཆད་དགེ་འདུན་གྱི་ཁྱིམ་གྱི་ནང་དུ་འདུག་ལ་བྱང་ཆུབ་སེམས་དཔའ་དང་། དགེ་སློང་མགྲོན་པ་ཞིག
iiif viewer powered by OpenSeadragon
130b - 131b