| | e-texts navigator
|
130b1 ལྟས་བཟང་པོ་མི་དགོས་ཏེ། ཆོས་ཀྱི་མཁན་པོ་དེའི་མདུན་དུ་ཚུལ་ཁྲིམས་མནོས་ན་ཚུལ་ཁྲིམས་ཀྱང་ཐོབ་སྟེ་གུས་པའི་སེམས་སྐྱེའོ། །རྒྱང་གྲགས་སྟོང་ལ་ཚུན
130b2 ཚུན་ཆད་ཚུལ་ཁྲིམས་སྦྱིན་ནུས་པའི་མཁན་པོ་མེད་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་ཚུལ་ཁྲིམས་ནོད་ན། ལྟས་བཟང་པོ་མཐོང
130b3 བ་དགོས་སོ། །ཆོས་ཀྱི་མཁན་པོ་ལ་ལ་ཞིག་བདག་ཐེག་པ་ཆེན་པོའི་ཡི་གེ་དང་། ཚུལ་ཁྲིམས་ཤེས་པ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་རྣམས་བྱམས
130b4 ཤིང་མཛའ་བ་སྙེམས་ཏེ་བྱང་ཆུབ་སེམས་དཔའ་གསར་དུ་སློབ་པ་ཆོས་ཀྱི་ཡི་གེའི་ལུགས་དང་། ཚུལ་ཁྲིམས་ཀྱི་གཞུང་འདིར་འོངས་པ་ལ་བརྙས་པའི་སེམས
130b5 དང་། ངན་སེམས་དང་། ལེ་ལོའི་སེམས་ཀྱིས་གཅིག་པུ་གཅིག་པུ་ནས་འདྲི་བའི་ལན་མ་གླན་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སངས་རྒྱས་ཀྱི་ཆོས་དང་། ཚུལ
130b6 ཁྲིམས་ཀྱི་ཡི་གེ་དང་། ཐེག་པ་ཆེན་པོའི་དྲང་པོའི་ཆོས། དྲང་པོར་མཐོང་བ། དྲང་པོའི་ངོ་བོ་ཉིད། དྲང་པོའི་ཆོས་ཀྱི་ལུས་ཀྱིས་འགྲུས་པར་སློབ་ཅིང་སྤྱོད་སྒོམ
130b7 མི་ནུས་པ་རྣམས་ནི། དཀོན་མཆོག་བདུན་བདུན་བཏང་སྟེ། སླར་ལོག་པར་བལྟས་སྟེ་ཐེག་པ་ཆུང་ངུ་རྣམ་གཉིས་དང་། མུར་འདུག་གི་ཆོས་དང་། མ་རབས་ཀྱི
iiif viewer powered by OpenSeadragon
130a - 131a