e-texts navigator
Collection
Volume
Page
Wylie

127a1 པོ|་ཡ་རབས་བཙུན་པ་ལ་མ་ཉེས་པར་ལོག་པ་བདུན་དང་། ཕམ་པ་བཅུ་དང་། ཕ་མ་དང་། ཕུ་བོ་ནུ་བོ་དང་། གཉེན་པ་རྣམ་དྲུག་གི
127a2 ཚུལ་ཁྲིམས་བཤིག་གོ་། ཞེས་སྐུར་ན། སྲི་ཞུ་དང་མི་འགལ་ཞིང་བྱམས་ཤིང་སྙིང་རྗེ་བའི་སེམས་བསྐྱེད་པའི་རིགས་ཀྱི། དེ་ལ་སླར་ལོག་པའི་གནོད་པ་བསྐྱེད
127a3 ན་མི་བདེ་བའི་གནས་སུ་ལྷུང་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་ངན་སེམས་བསྐྱེད་དེ་ཆེད་ཀར་མེ་ཆེན་པོ་བཏང་ལ་རི་དང་། ཚལ་དབྱེ་དང་། རི་ལུང་དབྱར་ཟླ་ར
127a4 བ་མན་ཆད། སྟོན་ཟླ་ཐ་ཆུང་ཡན་ཆད། བསྲེགས་སམ། ལ་ལ་ཞིག་གིས་མེ་བཏང་སྟེ་གཞན་གྱི་ཁང་ཁྱིམ་དང་། མཁར་དང་། གྲོང་དང་། དགེ་འདུན
127a5 གྱི་ཁྱིམ་དང་། ཞིང་དང་། སྐྱེད་ཤིང་དང་། ལྷ་མ་སྲིན་དང་། བླའི་དཀོར་ལ་སོགས་ཏེ་བདག་པོ་ཡོད་དོ་ཅོག་གི་རྫས་སྲེག་ཏུ་མི་རུང་ངོ་། །ལ་ལ་ཞིག་གིས
127a6 ཆེད་ཀར་བསྲེགས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སངས་རྒྱས་ཀྱི་སློབ་མ་བདག་དང་། མུར་འདུག་དང་། གཉེན་རྣམ་དྲུག་ལ་སོགས་ཏེ། དགེ་བའི་བཤེས
127a7 གཉེན་ནོ་ཅོག་ཀུན་ཀྱང་ཅིའང་ཐེག་པ་ཆེན་པོའི་ཡི་གེ་དང་། ཚུལ་ཁྲིམས་ནོད་ཅིང་གཟུངས་སུ་འཛིན་བར་བསྟན་པའི་རིགས་སོ། །གཞུང་དང་ལུགས་ཤེས་ཤིང




iiif viewer powered by OpenSeadragon

126b - 127b

Texts on this page

H257 - chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems kyi gnas bshad pa le'u bcu