| | e-texts navigator
|
126b1 དུ་མི་རུང་ངོ་། །བྱང་ཆུབ་སེམས་དཔའ་ནི། ཕ་མ་གཞན་གྱིས་བསད་ཀྱང་ཤ་མི་གླན་ན། སེམས་ཅན་ཐམས་ཅད་བསད་པ་ལྟ་སྨོས་ཀྱང་ཅི་དགོས། མཚོན་ཆ་ཆེད་ཀར
126b2 འཆང་བ་ན། ལྟུང་བའོ། །འདི་ལྟ་བུའི་ཚུལ་ཁྲིམས་རྣམ་བཅུ་ནི། བསླབས་ཏེ་རྟག་པར་གཟུངས་སུ་གཟུང་བའི་རིགས་སོ། །འོག་མ་ལེའུ་དྲུག་གི་ནང་ན་རྒྱ་ཆེར་བཤད
126b3 དོ|་|སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་རྣམས་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་བུ་ཁེ་འདོད་པའི་ཕྱིར་སེམས་ངན་པ་བསམ་སྟེ་ཉི་འོག་གི་ཡུལ་དུ་ཕོ་ཉར་འདྲུལ
126b4 བ་དམག་གི་གཡུལ་བཤམས་ཏེ། དམག་བསྐྱོད་ནས་འཐབས་ཏེ་སེམས་ཅན་མང་པོ་བསད་ན། བྱང་ཆུབ་སེམས་དཔའ་དམག་གི་ནང་དུ་སོང་ཞིང་ཕན་ཚུན་དུ་འདུལ
126b5 ཡང་མི་རུང་ན་ཆེད་ཀར་ཡུལ་གྱི་དགྲ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་ཆེད་ཀར་བྱེད་པ་ནི། ལྟུང་བའོ། །སངས་རྒྱས་ཀྱི་བུ་བླ་འབངས་དང་། བྲན་ཕོ་མོ་དང་། ཕྱུགས
126b6 བདག་སྣ་དྲུག་དང་། གཤིན་སྒྲོམ་རོ་གཞུག་པའི་སྣོད་ལ་སོགས་པ་ཁེ་དང་ཚོང་སྤོགས་བདག་གིས་ཀྱང་བགྱི་བའི་མི་རིགས་ན། གཞན་ལ་བྱེད་པར་བསྟན་པ་ལྟ་སྨོས
126b7 ཀྱང་ཅི་དགོས་ཏེ། དེ་ལ་ཆེད་ཀར་བྱེད་པ་ནི། ལྟུང་བའོ། །སངས་རྒྱས་ཀྱི་བུས་ངན་སེམས་བསྐྱེད་དེ་ཕ་ལོག་པ་དགེ་བ། དེས་པ། ཆོས་ཀྱི་མཁན་པོ། དགེ་འདུན་རྒྱལ
iiif viewer powered by OpenSeadragon
126a - 127a