| | e-texts navigator
|
125b1 ཚུར་འོངས་ན་ནི། བསུ། འགྲོ་བ་ནི། བསྐྱལ་ཅིང་ཕྱག་འཚལ་ཏེ་བཀུར་སྟི་དང་། རི་མོ་དང་། ཉིན་གཅིག་ཅིང་དུས་གསུམ་དུ་རི་མོ་དང་ཉི་མ་གཅིག་གི་ཟན་དུ་གསེར་སྲང
125b2 གསུམ་གྱི་ཁ་ཟས་དང་། ཁྲི་སྟན་དང་། ཆོས་ཀྱི་མཁན་པོ་ཅི་འདོད་དོ་ཅོག་དགོས་ཀྱང་ཀུན་སྦྱོར་ཏེ་བྱིན་ལ་རྟག་པར་ཆོས་ཀྱི་མཁན་པོ་གཉེར་ཏེ་དུས་གསུམ་དུ་ཆོས་བཤད
125b3 དེ་ཉིན་གཅིག་ཅིང་དུས་གསུམ་དུ་ཕྱག་གསུམ་པར་འཚལ་ལ་ཁྲོ་བའི་སེམས་དང་། མྱ་ངན་གྱི་སེམས་མི་སྐྱེ་བར་བགྱིས་སོ། །ཆོས་ཀྱི་ཕྱིར་ལུས་དང་བསྡོས་ཏེ་ཆོས
125b4 གསོལ་ལོ། །དེ་ལྟར་མ་བྱས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་གང་ལའང་རུང་སྟེ། ཚུལ་ཁྲིམས་དང་། མདོ་སྡེ་འཆང་བའི་ཁང་ཁྱིམ་ཆེན་པོའི་ནང་ན་ཆོས་འཆད་པ
125b5 ཡ་ཨོད་ན་བྱང་ཆུབ་སེམས་དཔའ་གསར་དུ་སློབ་པ་ཚུལ་ཁྲིམས་གྱི་གླེགས་བམ་ཁྱེར་ཏེ་ཆོས་ཀྱི་མཁན་པོའི་གནས་སུ་སོང་ལ་གསོལ་ཏེ་དྲི་ཞིང་མནོད་པའི་རིགས
125b6 སོ|་|ལ་ལ་ཞིག་རི་དང་། ཚལ་དང་། ཤིང་གི་དྲུང་དང་། དགེ་འདུན་གྱིས་དང་། ཁྱིམ་གྱི་ནང་དང་། ཆོས་འཆད་དོ་ཅོག་གི་སར་ཕྱིན་པར་བྱས་ཏེ་མཉན་ཅིང་འདོད
125b7 པའི་ཤན་གནས་སུ་སོང་སྟེ་མ་མཉན། མ་མནོས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སེམས་ནི། ཐེག་པ་ཆེན་པོ་དང་འགལ་ཞིང་རྟག་པར་སངས་རྒྱས་ཀྱི་ཡི་གེ་དང་། ཚུལ
iiif viewer powered by OpenSeadragon
125a - 126a