e-texts navigator
Collection
Volume
Page
Wylie

121b1 སོ|་|དེ་ལ་སླར་མིའོ་ཅོག་ལ་མི་ཚངས་པར་སྤྱོད་པ་བསྐྱེད་དེ་བྱོལ་སོང་དང་། མ་དང་། བུ་མོ་དང་། སྲིང་མོ་ལ་སོགས་ཏེ་གཉེན་པ་དྲུག་ལ་མི་ཚངས་པར་སྤྱོད་པ་བྱས
121b2 ཏེ་བྱམས་ཤིང་སྙིང་རྗེ་བ་མེད་ན། དེ་ནི། བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །སངས་རྒྱས་ཀྱི་བུ་བདག་གིས་རྫུན་བྱས་སམ། ཕ་རོལ་པོ་རྫུན་ཟེར་བར་བསྟན
121b3 ཏམ|་ཐབས་ཀྱིས་རྫུན་བྱས་པ་དང་། རྫུན་གྱི་རྒྱུ་བྱས་པ་དང་། རྫུན་གྱི་རྐྱེན་བྱས་པ་དང་། རྫུན་གྱི་ཆོས་བྱེད་པ་དང་། རྫུན་གྱི་ལས་བྱེད་པ་དང་། མཐོང་བ་ལ་མ
121b4 མཐོང་ཞེས་ཟེར་བ་དང་། མ་མཐོང་བ་ལ་མཐོང་ཞེས་ཟེར་བ་དང་། ལུས་དང་སེམས་ཀྱིས་རྫུན་བྱས་པ་དང་། བྱང་ཆུབ་སེམས་དཔའ་ནི། རྟག་པར་ཚིག་དྲང་པོ་སྐྱེ་ཞིང
121b5 གཅིག་ཏུ་ན་སེམས་ཅན་གྱི་ཚིག་དྲང་པོ་བསྐྱེད་པ་ཡིན་ན། དེ་ལ་སླར་ལོག་པར་སེམས་ཅན་ཐམས་ཅད་ཀྱི་ཚིག་མི་དྲང་བ་དང་། ཡོན་པོ་ལ་ལྟ་བ་དང་། ཡོན་པོའི
121b6 ལས་བྱེད་པར་བསྐྱོད་ན། དེ་ནི། བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །སངས་རྒྱས་ཀྱི་བུ་སྨྱོ་བའི་ཁུ་བ་བདག་ཚོང་ངམ། ཕ་ལོག་པོ་སྨྱོ་བའི་ཁུ་བ་ཚོང་བར་བསྟན
121b7 ཏམ|་ཐབས་ཀྱིས་སྨྱོ་བའི་ཁུ་བ་ཚོང་ངམ། སྨྱོ་བའི་ཁུ་བ་ཚོང་བའི་རྒྱུ་བྱེད་དམ། སྨྱོ་བའི་ཁུ་བ་ཚོང་བའི་རྐྱེན་བྱེད་དམ། སྨྱོ་བའི་ཁུ་བ་ཚོང་བའི་ཆོས་བྱེད་དམ། སྨྱོ་བའི




iiif viewer powered by OpenSeadragon

121a - 122a

Texts on this page

H257 - chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems kyi gnas bshad pa le'u bcu