e-texts navigator
Collection
Volume
Page
Wylie

117b1 བབས་ཏེ་ཛམྦུའི་གླིང་གི་ཀ་པི་ལར་སྐྱེས་ནས་ཡུམ་གྱི་མཚན་ནི། ལྷ་མཛེས་ཆེན་མོ། ཡབ་ཀྱི་མཚན་ནི། ཟས་གཙང་མ། ང་བདག་གི་མིང་ནི། སིདྡྷཱ་ཐ་ཞེས་བྱ་སྟེ།
117b2 ལོ་བདུན་ན་རབ་ཏུ་བྱུང་། ལོ་སུམ་ཅུ་ནས་སངས་རྒྱས་སུ་ཕྱིན་ནས་ངའི་མཚན་ནི། ཤཱཀྱ་ཐུབ་པ་ཞེས་བྱ་སྟེ། མི་འགྱུར་བའི་གཙང་མའི་སར་རྡོ་རྗེའི་མེ་ཏོག་གི་ཁྲི
117b3 ལ་འདུག་ནས་དབང་པོ་ཆེན་པོའི་གནམ་གྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏེ། དེའི་ནང་གི་འདུག་པ་བཅུའི་གནས་མཐར་གྱིས་བཤད། དེའི་ཚེ་སངས་རྒྱས་ཀྱིས་རུས
117b4 ག་ཙང་མ་ཆེན་པོའི་གནམ་གྱི་རྒྱལ་པོ་དྲ་བའི་རྒྱལ་མཚན་མཐོང་བའི་ཕྱིར་གངས་མེད་པའི་ཁམས་དཔེར་ན་དྲ་བའི་བུ་གུ་དང་མཚུངས་པར་བཤད་ན་ཁམས་གཅིག
117b5 ནས་གཅིག་སོ་སོ་མི་མཐུན་ཏེ། ཐ་དད་པའི་གྲངས་མེད་དོ། །སངས་རྒྱས་ཀྱི་ཆོས་ཀྱི་སྒོ་མོ་བཤད་པའང་དེ་དང་འདྲའོ། །ང་ཁམས་འདིར་ལན་བརྒྱད་སྟོང་ཕྱིན
117b6 ཏ་ཨེ|་ཁམས་ཛམྦུའི་གླིང་འདིའི་ཕྱིར་རྡོ་རྗེའི་ཁྲི་སྟེང་དུ་འདུག་སྟེ་དབང་པོ་ཆེན་པོའི་གནམ་གྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་དེའི་ནང་གི་མང་པོ་ཐམས་ཅད་སེམས
117b7 ཀྱི་གནས་ཀྱི་མདོ་ཆེའོ། །དེ་ནས་གནམ་གྱི་ཕོ་བྲང་ནས་མར་བབས་ཏེ་ཛམྦུའི་གླིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཕྱིན་ནས་དེའི་སའི་སྟེང་གི་སེམས་ཅན་བླུན་པོ་མ་རབས




iiif viewer powered by OpenSeadragon

117a - 118a

Texts on this page

H257 - chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems kyi gnas bshad pa le'u bcu