e-texts navigator
Collection
Volume
Page
Wylie

181a1 ལ|་འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང
181a2 གཟུགས། མིང་དང་། གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ་།
181a3 ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས
181a4 འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས
181a5 བ་འགག་། རྣམ་པར་ཤེས་པ་འགགས་པས་མིང་དང་། གཟུགས་འགག། མིང་དང་། གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག།
181a6 རེག་པ་འགགས་པས་ཚོར་བ་འགག་།ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགག། ལེན་པ་འགགས་པས་སྲིད་པ་འགག་། སྲིད་པ་འགགས་པས
181a7 སྐྱེ་བ་འགག་། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར




iiif viewer powered by OpenSeadragon

180b - 181b

Texts on this page

H211 - 'phags pa sA lu'i ljang ba zhes bya ba theg pa chen po'i mdo