e-texts navigator
Collection
Volume
Page
Wylie

120b1 པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན་པར་རབ་ཏུ་བྱུང་བ་གང
120b2 དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ། །ཤཱ་རིའི་བུ། དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱོད་པར་འོས་ཏེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་།
120b3 ན་བའི་གསོས་སྨན་དང་། སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ། །ཤཱ་རིའི་བུ། གཞན་ཡང་བརྩོན་པ་མི་གཏོང་བའི་དགེ་སློང་གང་ཡིན་པ་དེ་ནི་གཟུགས་གཏོང་བར་མི་བྱེད། ཚོར་བ
120b4 དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཏོང་བར་མི་བྱེད་དེ། དེ་ཙམ་གྱི་ནི་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་འཕགས་པ
120b5 འཇིག་རྟེན་ལས་འདས་པའི་རྫོགས་པར་བསྙེན་པས་རྫོགས་པར་བསྙེན་པ་ཡིན་ཏེ། དེ་ལྟར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཡང་དག་པར་རབ་ཏུ་བྱུང་བ་ཡིན་གྱི། དེ་ལྟ་མ་ཡིན
120b6 པར་རབ་ཏུ་བྱུང་བ་གང་དག་ཡིན་པ་དེ་དག་ནི་ལོག་པར་རབ་ཏུ་བྱུང་བ་ཡིན་ནོ། །ཤཱ་རིའི་བུ། དགེ་སློང་དེ་ལྟ་བུས་ནི་དད་པས་བྱིན་པ་ལོངས་སྤྱད་པར་འོས་ཏེ། གོས་དང་ཟས་དང་།
120b7 མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། སྨན་ཟོང་རྣམས་ལོངས་སྤྱད་པར་འོས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས




iiif viewer powered by OpenSeadragon

120a - 121a

Texts on this page

H204 - 'phags pa chos kyi phyag rgya zhes bya ba theg pa chen po'i mdo