| | e-texts navigator
|
481a1 ཡིད་ཀྱི་སྐུ་དང་རབ་ལྡན་པས། །དེ་བཞིན་གཤེགས་པ་ཆོས་སྐུ་ཡང་། །རང་ཅན་སྐུ་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །
481a2 སངས་རྒྱས་རྣམ་རྟོག་མི་མངའ་ཡང་། །སེམས་ཅན་སྤྱོད་ཡུལ་ཇི་བཞིན་དུ། །དེ་དག་སྤྱོད་པ་རྣམ་པར་རྟོག་།འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དེ་དག་རྟག་ཏུ་མཉམ
481a3 བཞག་ལ། །འགྲེང་དང་བཞུགས་དང་བཞུད་པ་དང་། །དེ་བཞིན་མནལ་བར་སྣང་བ་ཡང་། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །རྫོགས་པའི་སངས་རྒྱས་ཐུབ་དཀའ
481a4 ལ|་|གྲང་དང་ཚ་དང་གྲིབ་མ་དང་། །དེ་བཞིན་ཉི་མ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཚངས་པའི་ཁྱིམ་ན་ཚངས་པ་ལྟར། །རྒྱལ་བ་རྟག
481a5 པར་ན་བཟའ་གསོལ། །འོན་ཀྱང་ན་བཟའ་ལེགས་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །སྤྱི་གཙུག་ལྟར་ནི་མི་མཐོང་ཕྱིར། །སྤུ་གྲིས་གཅད་དུ་མོང་མེད
481a6 ཀྱང་|་|དབུ་འདྲེག་པར་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །རྫུ་འཕྲུལ་རྐང་པ་རབ་བསྒོམས་ཏེ། །དེ་དག་རྫུ་འཕྲུལ་ནམ་སྟོན་ལ། །བསམ
481a7 གཏན་མཛད་པ་སྣང་བ་ཡང་། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །འཇིག་རྟེན་རྣམ་པར་འདྲེན་པ་ཀུན། །རོ་བྲོ་མཆོག་རྣམས་བརྙེས་གྱུར་ཀྱང་།། ངན་ངོན་དག་ནི
iiif viewer powered by OpenSeadragon
480b - 481b