| | e-texts navigator
|
412b1 གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། །སངས་རྒྱས་དམ་པ་མཚུངས་མེད་སྦྱིན་པའི་གནས། །སྤྱོད་པ་མཆོག་སྤྱོད་ཁྱད་པར་བརྙས་གྱུར་པ། །མི
412b2 མཆོག་དེ་ལ་མཆོད་པ་འདིར་བྱས་པ། །རྣམ་པར་སྨིན་པ་དམ་པ་གཞལ་ཡས་འགྱུར། །གལ་ཏེ་མི་མཇེད་འཇིག་རྟེན་ཁམས་འདི་ཀུན། །ནོར་བུ་རིན་ཆེན་བཻ་ཌཱུཪྱས་གང་བ། །ཟད
412b3 པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ཀ་ར་ཥ་པ་ཎ་ས་མི་མཇེད་འཇིག་རྟེན་ཁམས། །འོག་ནས་སྲིད་པའི་རྩེ་མོའི་བར་གང་བ། །
412b4 ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །སངས་རྒྱས་ཞིང་སྟོང་དེ་དག་ཙནྡན་གྱིས། །འོག་ནས་སྲིད་པའི་རྩེ་མོ་བར་གང་བ། །ཟད
412b5 པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ཚངས་པའི་འཇིག་རྟེན་ཡོད་པའི་ལྷ་རིས་ཀྱི། །གོས་ཀྱིས་སངས་རྒྱས་ཞིང་སྟོང་གང་གྱུར་བ། །ཟད
412b6 པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ཀླུ་དང་ལྷ་མིན་མི་དང་ལྟོ་འཕྱེ་ཆེ། །ལྷ་ཡི་ལྷ་རྫས་ནོར་བུ་རིན་ཆེན་མང་། །ཟད་པར་བྱ་ནུས་སངས
412b7 རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ལྷ་ཡི་འཇིག་རྟེན་ཡོད་པའི་ལྷ་ཡི་སྤོས། །དེ་དག་མི་མཇེད་འདི་ཀུན་གང་གྱུར་པ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན
iiif viewer powered by OpenSeadragon
412a - 413a