| | e-texts navigator
|
398a1 དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ
398a2 དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ
398a3 སེམས་དཔའ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྩལ་པ། བློ་གྲོས་རྣམ་པར་དག་པ། ཚུལ་ཁྲིམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ་།བློ་གྲོས་རྣམ
398a4 པར་དག་པ། ཏིང་ངེ་འཛིན་ཡོངས་སུ་དག་པ་དང་། བཟོད་པ་ཡོངས་སུ་དག་པ་དང་། ཕན་པའི་དངོས་པོ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ་།བློ་གྲོས
398a5 རྣམ་པར་དག་པ། བྱམས་པ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ་།བློ་གྲོས་རྣམ་པར་དག་པ། སྙིང་རྗེ་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས
398a6 སུ་དག་གོ་། བློ་གྲོས་རྣམ་པར་དག་པ། དགའ་བ་ཡོངས་སུ་དག་པ་དང་། བཏང་སྙོམས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ་།བློ་གྲོས་རྣམ་པར་དག
398a7 པ|་རྣམ་པར་གྲོལ་བ་ཡོངས་སུ་དག་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཡོངས་སུ་དག་པས་དེ་བཞིན་གཤེགས་པ་ཡོངས་སུ་དག་གོ་།བློ་གྲོས་རྣམ་པར་དག་པ། སྟོབས
iiif viewer powered by OpenSeadragon
397b - 398b