e-texts navigator
Collection
Volume
Page
Wylie

391a1 ཆེན་པོ་དང་། ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང
391a2 ཕྱུག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་། ལྷ་མོ་ཆེན་མོ་དཔལ་ཡང
391a3 བ་ཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་བདེ་བ་ཅན་ན་གནས་པའི
391a4 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ལའང་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་། དེ་ནས་བཅོམ་ལྡན་འདས་བསོད་ནམས
391a5 བརྒྱ་སྟོང་དུ་མས་བརྒྱན་ཅིང་དེ་བཞིན་གཤེགས་པ་བྱེ་བ་སྙེད་ཀྱིས་ཡོངས་སུ་བསྐོར་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྟོད
391a6 ཅིང་བསྔགས་པས་ལྷ་མོ་ཆེན་མོ་དཔལ་ལ་གཟིགས་ནས། ཚངས་པ་ཆེན་པོའི་གསུང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང
391a7 ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྱན་རས་གཟིགས་དབང་ཕྱུག་།རྒྱལ་པོའམ། བློན་པོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན




iiif viewer powered by OpenSeadragon

390b - 391b

Texts on this page

H194 - 'phags pa lha mo chen mo dpal lung bstan pa