e-texts navigator
Collection
Volume
Page
Wylie

269b1 པར་དག་སྟེ། དེ་དག་ཐམས་ཅད་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པར་གྱུར་ཏོ། །དེ་དག་ཐམས་ཅད་ཀྱང་འདི་ནས་ཤི་འཕོས་ནས། དེ་བཞིན་གཤེགས་པ་དགྲ
269b2 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཐམས
269b3 ཅད་ལྷན་ཅིག་མཐུན་པར་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་འཛིན་པར་འགྱུར། བརྗོད་པར་འགྱུར། སྟོན་པར་འགྱུར།
269b4 ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ། །དེ་དག་ཕྱིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་འདས་ནས་བསྐལ་པ་བཟང་པོ་ཞེས་བྱ་བ་འདི་ཉིད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག
269b5 རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི
269b6 བདེ་ལ་འགྱོད་ཅིང་མཆིམས་བརྣངས་ལ་དུ་བཞིན་དུ་གྱུར་ཏེ། དེ་ཉིད་ནས་ཕྱིར་འགྲོ་ཞིང་ཚིག་འདི་སྐད་དུ། བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདི་སླན་ཆད་མི་བཤད
269b7 དུ་གསོལ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། སྡིག་ཅན་ཁྱོད། དེ་སྐད་མ་སྨྲ་ཞིག་།དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར




iiif viewer powered by OpenSeadragon

269a - 270a

Texts on this page

H166 - 'phags pa bde byed kyis zhus pa zhes bya ba theg pa chen po'i mdo