| | e-texts navigator
|
269a1 ཡོངས་སུ་སྤང་པར་བྱ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ངན་གཡོ་ཅན་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འཆལ་བ་ཞེས་བྱའོ། །བྱང་ཆུབ་སེམས
269a2 དཔའ་ལྟར་བཅོས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སྲེད་ལྟ་བུ་ཞེས་བྱའོ། །བྱང་ཆུབ་སེམས་སུན་འབྱིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གཏུམ་པ་ཞེས་བྱའོ།།
269a3 དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན
269a4 འདས། ཆོས་ཀྱི་རྣམ་གྲངས་འདི་བཤད་པས་སེམས་ཅན་ཇི་སྙེད་ཅིག་གི་དོན་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན། ཆོས་ཀྱི་རྣམ་གྲངས་འདི
269a5 བཤད་པས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་སློང་ལྔ་བརྒྱ་ལེན་པ་མེད་པར
269a6 ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་བདུན་ཅུ་རྩ་ལྔས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །བྱང་ཆུབ་སེམས་དཔའ་བདེ་བྱེད་དང་། དགེ
269a7 བསྙེན་ལྔ་བརྒྱ་གཞན་དག་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་བསྙེན་མ་ཉི་ཤུ་རྩ་ལྔའང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ
iiif viewer powered by OpenSeadragon
268b - 269b