| | e-texts navigator
|
250a1 བསོད་ནམས་ཕུང་པོ་བཤད་མི་ནུས། །དགེ་སློང་ངམ་ནི་དགེ་སློང་མ། །དགེ་བསྙེན་ནམ་ནི་དགེ་བསྙེན་མ། །གང་གིས་མདོ་སྡེ་འདི་ཐོས་པ། །ལྷ་དང་ཀླུ་དང
250a2 ལྟོ་འཕྱེ་ཆེ། །སེམས་ཅན་ཐམས་ཅད་ཉེར་ལྷགས་པས། །དེ་ཡི་གཟི་བརྗིད་མི་བཟོད་དེ། །མེ་ནི་བསིལ་བར་འགྱུར་སྲིད་ཀྱི། །དེ་ཡི་གཟི་བརྗིད་ཉམས་པ་མེད། །མདོ་སྡེ་འདི་ནི
250a3 གང་འཛིན་པ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །སེམས་ཅན་ཀུན་གྱིས་བསྟེན་བྱ་ཞིང་། །བྱང་ཆུབ་སེམས་ལའང་མཆོད་པ་བྱེད། །གང་ཞིག་སྟོབས་དང་ལྡན་པའི་མིས། །བྱེ
250a4 བ་སྟོང་དུ་བཤད་པ་ཡི། །སྐྲ་རྩེས་སྟོང་གི་འཇིག་རྟེན་ཁམས། །བསྐལ་པ་བྱེ་བ་བཟུང་བ་བས། །གང་ཞིག་ཕྱི་མའི་དུས་དག་ཏུ། །སངས་རྒྱས་བྱང་ཆུབ་གླེང་གཞི་ནི། །འདི་འདྲའི
250a5 རྣམ་པས་ཐོས་ནས་སུ། །གཞན་དག་ལ་ཡང་སྟོན་བྱེད་ན། །གང་ཞིག་སྔར་ནི་རབ་བསྒྲགས་པ། །འདི་ཡི་ངོ་མཚར་ཆེན་པོ་ཡི། །བརྒྱ་དང་གྲངས་དང་བགྲང་བ་དང་། །དཔེར
250a6 ཡང་འགྱུར་བ་མ་ཡིན་ནོ། །ཕྱི་མ་ཡི་ནི་དུས་དག་ཏུ། །འདི་འདྲའི་རྣམ་པ་སེང་གེའི་སྒྲ། །བསྟན་པ་བླ་མེད་ཐོས་གྱུར་ཀྱང་། །འགལ་མེད་དོན་མེད་འགྱུར་བར་འོང་། །འཇིག་རྟེན
250a7 མགོན་པོ་རྫོགས་སངས་རྒྱས། །འོང་མཛད་གང་གིས་འདིར་མཐོང་བ། །ཕྱི་མའི་དུས་སུ་ངེས་ཐོས་ནས། །ཞེ་ས་ཞུས་པར་བྱེད་པར་འགྱུར། །གལ་ཏེ་ཞིང་རྣམས་བྱེ་བ་ན། །སེམས
iiif viewer powered by OpenSeadragon
249b - 250b