| | e-texts navigator
|
249b1 བྱ་བ་བརྒྱ་ཕྲག་ལྷགས་པར་གྱུར། །ཤར་གྱི་ཕྱོགས་ནས་བཟུང་ནས་སུ། །ལྷོ་ཕྱོགས་ནུབ་ཕྱོགས་བྱང་ཕྱོགས་དང་། །འོག་དང་སྟེང་དང་དེ་བཞིན་དུ། །ཕྱོགས་དག་གི་ཡང་མཚམས་ནས
249b2 ལྷགས། །ཇི་ཙམ་མིག་གིས་མཐོང་བའི་བར། །དེ་སྲིད་འཇིག་རྟེན་ཁམས་རྣམས་སུ། །སྐྱོབ་པ་འཇིག་རྟེན་མགོན་པོ་ཡི། །གསེར་གྱི་མདོག་འདྲའི་འོད་ཀྱིས་གང་། །སྟོན་པ་གང་ན་བཞུགས
249b3 པ་དང་། །ཆོས་ནི་གང་ན་འབར་བ་དེར། །འཇིག་རྟེན་ཁམས་ནི་ཐམས་ཅད་ནས། །བྱང་ཆུབ་སེམས་དཔའ་ཉེ་བར་ལྷགས། །དེ་ལྟར་མཐའ་ཡས་དཔག་ཏུ་མེད། །བསམ་གྱི་མི་ཁྱབ
249b4 མཆོད་པ་ནི། །རིན་ཆེན་དྲ་བ་ལི་ཙ་བཱི། །གཞོན་ནུ་དེ་ཡི་ཚེ་ན་བྱས། །དེ་ནས་བདག་ཉིད་ཆེན་པོ་པ། །ལྷ་དང་ཀླུ་དང་མི་རྣམས་ཀྱིས། །མདུན་དུ་མི་མཆོག་ཤཱཀྱ་ཡི། །སེང་གེས་དབུགས
249b5 ནི་འབྱིན་པར་མཛད། །ང་ཡི་མདུན་དུ་འདུག་ནས་སུ། །ཁྱོད་ཀྱིས་འདི་འདྲའི་མཆོད་བྱས་པ། །གངྒཱའི་བྱེ་མ་ཇི་སྙེད་པ། །དེ་སྙེད་མཆོད་པ་དག་གིས་མཆོད། །རིན་ཆེན་དྲ་བ་ཅན་གྱི
249b6 ཕྱིར|་|མདོ་སྡེ་བཤད་པ་སུས་རིག་པ། །བྱང་ཆུབ་ལས་ནི་མི་ལྡོག་སྟེ། །སངས་རྒྱས་སྨྲ་བའི་མཆོག་ཏུ་འགྱུར། །གང་ཞིག་མདོ་སྡེ་འདི་འཛིན་པའི། །བསོད་ནམས་ཕུང་པོའི་ཚད་དག
249b7 ནི|་|འདི་སྙེད་གསོག་པར་འགྱུར་རོ་ཞེས། །དེ་ལྟར་བཤད་པར་མི་ནུས་སོ། །ཕྱོགས་བཅུའི་འཇིག་རྟེན་ས་དང་ཆུ། །མེ་དང་རླུང་གི་ཚད་དག་ནི། །འདི་ཙམ་ཞེས་ནི་བཤད་པར་ནུས།།
iiif viewer powered by OpenSeadragon
249a - 250a