e-texts navigator
Collection
Volume
Page
Wylie

299a1 ལྡན་འདས། གང་ཆོས་ཐམས་ཅད་དྲི་མ་མ་མཆིས་པ་དང་། སྙིགས་མ་མ་མཆིས་པ་དང་། འདོད་ཆགས་ཀྱི་རྡུལ་དང་བྲལ་བར་རིག་ནས་རྒྱུ་ལས་རྣམ་པར་གྲོལ་བར
299a2 མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ། དེ་ནི། དེ་བཞིན་ནོ། །ལྷའི་བུ་སེམས་ཅན་སྒྲོལ་གྱིས་གསོལ་པ། བཅོམ་ལྡན་འདས། གང་སེམས
299a3 ཅན་རྣམས་ཀྱང་སྒྲོལ་བར་བགྱིད་པ། བདག་མ་མཆིས་པའང་འཚལ། བསྒྲལ་ནས་ཀྱང་འཛུད་པར་བགྱིད་ལ། ཚུ་རོལ་དང་ཕ་རོལ་གྱི་འགྲམ་ནའང་མི་གནས་ན། ཅི་དེ་དམ་པའི་ཆོས
299a4 འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ། དེ་ནི། དེ་བཞིན་ནོ། །ལྷའི་བུ་དབང་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས། གང་ཆོས་ཐམས་ཅད་ལ་དབང་ཡང་ཐོབ་ལ། ཆོས
299a5 གང་ཡང་སྐྱེ་བར་ཡང་མི་བགྱིད། འགག་པར་ཡང་མི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ། དེ་ནི། དེ་བཞིན་ནོ། །ལྷའི་བུ་རྒྱལ་པོ་བཟང
299a6 པོས་གསོལ་པ། བཅོམ་ལྡན་འདས། གང་སེམས་ཅན་ཐམས་ཅད་སེམས་ཅན་མཉམ་པ་དང་། ཆོས་ཐམས་ཅད་ཆོས་མཉམ་པ་དང་། ཞིང་ཐམས་ཅད་ཞིང་མཉམ་པ་དང་། སངས
299a7 རྒྱས་ཐམས་ཅད་སངས་རྒྱས་མཉམ་པར་རྗེས་སུ་སོང་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྷའི་བུ། དེ་ནི། དེ་བཞིན་ནོ། །ལྷའི་བུ་ལེགས་པར་སེམས




iiif viewer powered by OpenSeadragon

298b - 299b

Texts on this page

H154 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo