| | e-texts navigator
|
260b1 ཆུབ་ཏུ་སེམས་བསྐྱེད་པ་དང་འབྲལ་བར་མི་འགྱུར་རོ། །ཀླུའི་བདག་པོ། དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་སྦྱིན་པས་བརྒྱན་ན། དེ་ལྟར་མཐུ་ཆེ་ཞིང་ཕན་ཡོན་ཆེ་ལ་བྱིན་ཆེ་ཞིང་རྒྱ་ཆེ
260b2 བར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་ཚུལ་ཁྲིམས་ཀྱིས་བརྒྱན་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྨོན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བཟོད
260b3 པས་བརྒྱན་ན། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་གསུང་གི་གདངས་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་ཀྱིས་བརྒྱན་ན། བདུད་ཕྱིར་རྒོལ་པ
260b4 འཇོམས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་པར་འགྱུར་རོ། །བསམ་གཏན་གྱིས་བརྒྱན་ན། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། དོ་ཚ་ཤེས་པ
260b5 དང་། བརྟན་པ་ཡོངས་སུ་དག་པར་འགྱུར་རོ། །ཤེས་རབ་ཀྱིས་བརྒྱན་ན། ལྟ་བ་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་རོ། །བྱམས་པས་བརྒྱན་ན། སེམས་ཅན
260b6 ཐམས་ཅད་དང་ཞེ་འགྲས་པ་མེད་པར་འགྱུར་རོ། །སྙིང་རྗེས་བརྒྱན་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་འགྱུར་རོ། །དགའ་བས་བརྒྱན་ན། སེམས་ཞུམ་པ
260b7 མེད་པར་འགྱུར་རོ། །བཏང་སྙོམས་ཀྱིས་བརྒྱན་ན། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བར་འགྱུར་རོ། །བསྡུ་བའི་དངོས་པོས་བརྒྱན་ན། སེམས་ཅན་ཐམས་ཅད་ཡོངས་སུ
iiif viewer powered by OpenSeadragon
260a - 261a