| | e-texts navigator
|
271b1 ན|་ཇི་ལྟ་བུར་ཁམས་ཀྱི་རྣམས་རྣམ་པར་ཤེས་པ་ལས་སྐྱེས་ཞེས་བགྱི། རྣམ་པར་ཤེས་པ་སྐྱེ་བ་ཡོད་དུ་ལགས་ན། རྣམ་པར་ཤེས་པ་དེའང་སྐྱེ་བ་ལས་བྱུང་བ་ཇི་ལྟ་བུར་རྣམ་པར་ཤེས་པ
271b2 སྐྱེ་བ་མེད་ལ། སྐྱེ་བ་ཡོད་པ་ཀུན་སྐྱེ་བར་ནུས་ཞེས་བགྱི། དེ་ནས་བཙུན་པས་ཚིགས་སུ་བཅད་པས་བཤད་དོ། །སྐྱེ་བ་དང་ནི་སྐྱེ་ནུས་གཉིས། །དེ་གཉིས་ཀྱིས་སུ་རྐྱེན་བྱ་ནུས། །ཕྱི་མོ
271b3 ནས་སུ་གཉིས་ཀ་མེད། །སྟོང་རྒྱུ་མེ་ཏོག་ལེན་དང་མཚུངས། །རྣམ་པར་ཤེས་པ་མ་སྐྱེས་ཏེ། །ཁམས་ཀྱང་དེ་ཚེ་སྐྱེས་མ་ཡིན། །ཁམས་རྣམས་མ་སྐྱེས་པ་ཡི་ཚེ། །དེ་ཚེ་རྣམ་པར་ཤེས་པ་ཞིའོ། །
271b4 དེ་ནས་ཕྱི་མོ་ནས་མུ་མེད། །ཡོད་དང་མེད་དང་གཉིས་ཀའང་མེད། །སྐྱེ་བ་མེད་པའི་ཤེས་པའང་མེད། །ཇི་ལྟར་དེ་ལས་ཁམས་ཡོད་རུང་། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས
271b5 གསོལ་པ། ཆོས་ཀྱི་མཚན་མ་དེ་ལྟ་ལགས་ཏེ་ཕྱི་ནང་གཉིས་ཀ་སྟོང་ན། ཁམས་དང་ཤེས་རབ་གཉིས་ཀྱང་ཕྱི་མོ་ནས་སྟོང་པ་ཞི་བ་སྟེ། ཡང་དག་པར་གཤེགས་པས་བཤད་པ་ལ
271b6 བདེན་པའི་མཚན་མ་ནི། ཡང་དག་པར་སྟོང་པ་སྟེ། དེ་ལྟ་བུའི་ཆོས་ནི། འདུས་པ་མ་ལགས་སོ། །སངས་རྒྱས་ཀྱིས་གསུངས་པ། དེ་ལྟ་བུའི་མི་གཡོ་བ་ཡང་དག་པའི་ཆོས་ནི། གཟུགས
271b7 ཀྱང་མེད། ཆགས་པའང་མེད་དེ། ཅི་ཡང་འདུ་བ་མེད། འདུས་ནུས་པའང་མེད། གཞུང་ཡང་མེད། ཆེན་པོའང་མེད། ཕྱི་མོ་གཅིག་གི་འཁོར་གྱི་ཆོས་ཏེ། ལེགས་པའི་དོན་ཟབ
iiif viewer powered by OpenSeadragon
271a - 272a