| | e-texts navigator
|
271a1 དཔའ་སའི་སྙིང་པོས་གསོལ་པ། བསམ་གྱིས་མི་ཁྱབ་བོ། །དེ་ལྟ་བུའི་མི་གཡོ་བའི་མཚན་མ་ནི། མཐུན་པའང་མ་མཆིས། མི་མཐུན་པའང་མ་མཆིས་ཏེ། ཡིད
271a2 ཀྱིས་བླངས་པ་དང་། གཡོ་བ་ཡིན་ཏེ། ཡིད་ཀྱིས་བླངས་པ་དང་། ལས་ཀྱིས་བླངས་པ་ཀུན་སྟོང་པ་མི་གཡོ་བའོ། །སྟོང་པ་མི་གཡོ་བའི་སེམས་ཀྱིས་ཆོས་དང་ལྷན་ཅིག་པ་དང་། མི
271a3 གཅིག་པ་བླང་དུ་རུང་བ་དང་། སྟོང་པ་ཞི་བའི་རིགས་སོ། །དེ་ནས་བཙུན་པས་ཚིགས་སུ་བཅད་པས་བཤད་དོ། །སྟོང་པ་མི་གཡོ་ཆོས་རྣམས་ནི། །ཆོས་དང་མི་གཡོ་མི་སྟོང་ངོ་། །
271a4 སེམས་དེ་མི་གཡོ་བ་ཡི་ཚེ། །དེས་སུ་སེམས་ནི་ཐོབ་པ་མེད། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། ཆོས་དེ་ལ་བདེན་པ་མ་མཆིས་པས་ཁ་དོག་སྟོང་པའི་སེམས་ཀྱང་ཞིའོ།
271a5 ཆོས་དེ་ཕྱི་མོ་ནས་ཞི་བས་ཆོས་དེ་ཞི་བ་ལགས་པའི་རིགས་སོ། །དེ་ནས་ཞི་བའང་མ་མཆིས་ན། ཇི་ལྟ་བུར་གཅིག་ཅེས་བགྱི། དེ་ནས་བཙུན་པས་ཚིགས་སུ་བཅད་པས་བཤད་པ།
271a6 ཆོས་ནི་གནས་མལ་མེད་ལ་འཇུག་།གཟུགས་དང་གྲངས་ནི་སྟོང་ཞིང་མེད། །མིང་དང་བཤད་པ་ཆོས་རྣམ་གཉིས། །དེ་ནི་བླང་བ་ནུས་མ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་སའི
271a7 སྙིང་པོས་གསོལ་པ། ཆོས་སོ་ཅོག་གི་མཚན་མ་ནི། འགྲམ་གཉིས་ལ་མི་ཆགས་ཏེ། དབུས་མའི་འབབ་པ་ལའང་མི་ཆགས་སོ། །སེམས་ཀྱི་རྣམ་པར་ཤེས་པའང་དེ་དང་མཚུངས
iiif viewer powered by OpenSeadragon
270b - 271b