e-texts navigator
Collection
Volume
Page
Wylie

268a1 རྒྱས་གྲུབ་ཀྱི་བར་དུ་རྟག་པར་སྤྱོད་པ་སྦྱངས་ཏེ་སྐད་ཅིག་ཀྱང་སྟོང་པ་མ་བྱེད་ཅིག་། ཡ་རབས་ཚངས་པར་སྤྱོད་པས་གསོལ་པ། ཇི་ལྟ་བུར་ན་ཏིང་ངེ་འཛིན་གསུམ
268a2 ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། ཏིང་ངེ་འཛིན་གསུམ་ཞེས་བྱ་བ་དེ་ནི། སྟོང་པའི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། བྱ་བ་མེད་པའི་ཏིང་ངེ
268a3 འཛིན་དང་། དེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །ཡ་རབས་ཚངས་པར་སྤྱོད་པས་གསོལ་པ། ཇི་ལྟ་བུར་ན་འཁོར་གཞུང་ཆེན་པོ་འཁོར་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། ཆེན་པོ
268a4 བཞིའི་གཞུང་སྟེ། ཕུང་པོ་དང་། ཁམས་དང་། ཞུགས་པ་ལ་སོགས་པའི་འཁོར་ཏོ། །ཕྱི་མོའི་རྣམ་པར་ཤེས་པས་གཞུང་ཆེན་པོའི་འཁོར་ཡིན་ནོ། །ཡ་རབས་ཚངས་པར་སྤྱོད་པས
268a5 གསོལ་པ། བསམ་གྱིས་མི་ཁྱབ་པ་དེ་ལྟ་བུའི་ཤེས་རབ་ཀྱི་དོན་ནི། བདག་ལའང་ལན། གཞན་ལའང་ཕན་ཏེ། ཁམས་ཀྱི་ས་ལས་འདས་ནས་མྱ་ངན་འདས་པ་ལའང་མི་ཆགས
268a6 ཏེ|་བྱང་ཆུབ་ཀྱི་ལམ་དུ་ཆུད་དོ། །དེ་ལྟ་བུའི་ཆོས་ཀྱི་མཚན་མ་ནི། སྐྱེ་ཤིའི་ཆོས་ཡིན་ཏེ། རྣམ་པར་རྟོག་པ་དང་བྲལ་ན་ཆོས་ནི། མ་ཞི་བའོ། །དེ་ནས་ཡང་དག་པར་གཤེགས
268a7 པས་གཞུང་འདི་བསླབ་པའི་ཚིགས་སུ་བཅད་པས་བཤད་པ། ཆོས་ནི་རྣམ་པར་རྟོག་ལས་སྐྱེས། །སླར་ཡང་རྣམ་པར་རྟོག་ལ་བཀག་།རྣམ་པར་རྟོག་པའི་ཆོས་བཀག་ན། །ཆོས་དེ




iiif viewer powered by OpenSeadragon

267b - 268b

Texts on this page

H138 - rdo rje'i ting nge 'dzin gyi chos kyi rnam grangs yi ge