e-texts navigator
Collection
Volume
Page
Wylie

261a1 སེམས་ཀྱི་དབུགས་ནི། ཕྱི་ནང་སྤྱད་པས་མངགས་ཏེ། མངགས་པ་བཞིན་དུ་འབབ་ཅིང་རྒྱུ་བས་ཐིགས་པས་མཚོར་ལོངས་ཏེ། གནམ་གྱི་རླུང་གིས་དཔའ
261a2 བསྐྱོད་པས་ཀླུ་ཆེན་པོ་དངངས་འདྲོགས་སོ། །དངངས་འདྲོགས་པའི་སེམས་ཀྱིས་ན། དབུགས་རྒྱུ་བ་མང་པར་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་དེས་གསུམ་མ་ཉམས
261a3 ཤིང་གཅིག་བསྲུངས་པར་བྱས་ན་ཡང་དག་པར་གཤེགས་པའི་བསམ་གཏན་དུ་ཆུད་དེ། བསམ་གཏན་གྱི་བསམ་གཏན་ཐུབ་པར་སྤྱད་པས་ན། སེམས་ལ་དབུགས་མེད་དོ། །
261a4 མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ་པ། ཇི་ལྟ་བུར་ན་གསུམ་མ་ཉམས་ལ་གཅིག་བསྲུངས་ན། ཡང་དག་པར་གཤེགས་པའི་བསམ་གཏན་དུ་ཆུད་ཅེས་བགྱི། སངས་རྒྱས
261a5 ཀྱིས་གསུངས་པ། གསུམ་མ་ཉམས་ཞེས་བྱ་བ་ནི། གྲོལ་ཐར་གསུམ་མ་ཉམས་པ། གཅིག་བསྲུངས་པ་ནི། སེམས་མི་གཡོ་བ་གཅིག་བསྲུངས་སོ། །ཡང་དག་པར་གཤེགས
261a6 པའི་བསམ་གཏན་དུ་ཆུད་ཅེས་བྱ་བ་ནི། གཞུང་ལ་བཏགས་རྟག་པ་དེ་ལྟ་བུའི་སེམས་ཀྱིས་ནི། ཡང་དག་པའི་དབྱིངས་སུ་ཆུད་དོ། །མཐུ་ཆེན་བྱང་ཆུབ་སེམས་དཔས་གསོལ
261a7 པ|་གྲོལ་ཐར་གསུམ་གྱི་ཆོས་ནི། གང་ལ་སོགས་པའི་དོན་ལགས། གཞུང་གིས་བཏགས་པའི་ཏིང་ངེ་འཛིན་ནི། ཆོས་གང་ལ་འཇུག་།སངས་རྒྱས་ཀྱིས་གསུངས་པ། གྲོལ




iiif viewer powered by OpenSeadragon

260b - 261b

Texts on this page

H138 - rdo rje'i ting nge 'dzin gyi chos kyi rnam grangs yi ge