e-texts navigator
Collection
Volume
Page
Wylie

260a1 ལམ་གྲུབ་ན། གྲངས་མེད་པའི་སེམས་ཅན་ཤི་བའི་སྡུག་བསྔལ་གྱི་མཚོ་ལས་སྒྲོལ་ཅིག། དེ་ནས་ཕལ་མང་པོ་ཀུན་གྱིས་བྱང་ཆུབ་ཚོར་ནས་ཐེག་པ་ཆུང་ངུ
260a2 རྣམས་ཀྱིས་ཀྱང་སྟོང་པ་ལྔའི་མཚོར་ཆུད་དོ། །རྡོ་རྗེའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེའི་ལེའུ་དྲུག་སྟེ་ཡང་དག་པའི་ངོ་བོ་ཉིད་སྟོང་པའི་ལེའུའོ།། །།བམ་པོ་གཉིས་པ་སྟེ་ཐ་མ། དེའི་ཚེ་ཤཱ་རིའི་བུས་སངས་རྒྱས་ལ་གསོལ་པ། བཙུན་པ། བྱང་ཆུབ་ལམ་སྤྱད་དེ། མིང་དང་གཟུགས་མ་མཆིས། ཚུལ་ཁྲིམས
260a3 གསུམ་གྱི་ཆོ་གའང་མ་མཆིས། ཇི་ལྟ་བུར་ན་བསྡུས་བླངས་ཏེ་སེམས་ལ་བཤད་པ། སངས་རྒྱས་བྱམས་ཤིང་ཐུགས་བརྩེ་བས་བདག་ལ་བཀྲོལ་བཤད་པར་སྨོན་ཏོ། །སངས་རྒྱས
260a4 ཀྱིས་གསུངས་པ། ཕོ་དགེ་བ། བརྟགས་པར་ཉོན་ཅིག་དང་། ཁྱོད་ལ་བཀྲོལ་བཤད་དོ། །ཕོ་དགེ་བ། མི་དགེ་བའི་ཆོས་ནི། སེམས་ལས་གྱུར་ཏེ་སྐྱེས་སོ། །ཁམས་ཐམས་ཅད་ནི།
260a5 ཡིད་དང་ཚིག་གིས་བྱེ་བྲག་ཕྱེའོ། །གནས་གཅིག་ཏུ་བགགས་རྐྱེན་མང་པོ་ཆོད་ཅིང་མེད་དེ། ཇི་ལྟར་ཞེས་བྱས་ན། ཕོ་དགེ་བ། ཕྱི་མོ་གཅིག་མ་གཡོས་ན། སྤྱད་པ་གསུམ་སྤྱད་དུ
260a6 མེད་དོ། །མི་གཡོ་བའི་གཞུང་ལ་འདུག་ན། ལམ་དྲུག་གི་སྒོ་བཀག་གོ་།རྐྱེན་བཞིན་མ་གལ་ན། ཚུལ་ཁྲིམས་གསུམ་པོ་ཆོག་ཚང་ངོ་། །ཤཱ་རིའི་བུས་གསོལ་པ། ཇི་ལྟ་བུར་ན




iiif viewer powered by OpenSeadragon

259b - 260b

Texts on this page

H138 - rdo rje'i ting nge 'dzin gyi chos kyi rnam grangs yi ge