e-texts navigator
Collection
Volume
Page
Wylie

255a1 བྱང་ཆུབ་སེམས་དཔས་གསོལ་པ། ཇི་ལྟ་བུར་ན་ཡུད་ཙམ་བསམ་པས་སེམས་གཡོ་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། ཡུད་ཙམ་བསམ་པས་སེམས་གཡོས
255a2 པས་ནི|་ལྔ་ཕུང་གཅིག་ཅར་སྐྱེས་སོ། །ལྔ་ཕུང་སྐྱེས་པའི་ནང་ན་ངན་པ་ལྔ་བཅུ་ཚང་ངོ་། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། རིང་པོར་སོང་སྟེ་ཁྱབ་པར་ཆགས་པ་དང་།
255a3 ཕྱོགས་བཅུར་བགྲོད་པ་དང་། ཡུད་ཙམ་བསམ་སྟེ་སེམས་སྐྱེས་པས་ངན་པ་ལྔ་བཅུ་ཚང་ན། ཇི་ལྟ་བུར་སེམས་ཅན་དེ་དག་ཡུད་ཙམ་སེམས་པ་མི་སྐྱེ་བར་བགྱི། སངས་རྒྱས་ཀྱིས
255a4 གསུངས་པ། སེམས་ཅན་དེ་དག་སེམས་པ་བདེན་པར་འདུག་པར་བྱ་སྟེ། རྡོ་རྗེ་ས་ལ་གནས་པ་དང་སེམས་མི་གཡོ་སྟེ། ལྡང་བ་མེད་པས་སེམས་རྟག་པར་བདེ་ཞིང་ཡོངས་པས
255a5 ཡུད་ཙམ་བསམ་པ་མེད་དོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། བསམ་གྱིས་མི་ཁྱབ་བོ། །ཚོར་བའི་སེམས་མ་སྐྱེས་ན། དེའི་སེམས་བདེ་ཡངས་ཏེ། ཕྱི་མོའི་ཚོར
255a6 བའི་བཟོད་པ་ལགས་སོ། །བཟོད་པ་ལ་གཡོ་བ་མ་མཆིས་པས་རྟག་པར་མཆིས་ཏེ་མ་མཆིས་པ་མ་ལགས་སོ། །མ་མཆིས་པའང་མཆིས། ཚོར་བ་མ་མཆིས་པའང་མ་ལགས།
255a7 ཚོར་བས་ཚོར་བ་མ་མཆིས་པར་རིག་ན། ཕྱི་མོའི་བསོད་པ་དང་། ཕྱི་མོའི་ཚོར་བའོ། །ཚོར་བ་གཙང་དང་བ་ལ་གོས་པ་མ་མཆིས་པས་མི་འགྱུར་མི་ལྡོག་སྟེ། ངོ་བོ་ཉིད་ཡང་དག




iiif viewer powered by OpenSeadragon

254b - 255b

Texts on this page

H138 - rdo rje'i ting nge 'dzin gyi chos kyi rnam grangs yi ge