e-texts navigator
Collection
Volume
Page
Wylie

252b1 ནོ|་|ཇི་ལྟ་ཞེས་བྱ་ན། ཡོད་དོ་ཅོག་ཐམས་ཅད་ཀྱང་སྐྱེ་བ་མེད། མཚན་མའང་མེད་དེ། ཕྱི་མོ་ནས་རང་གི་མིང་མེད་པས་ཀུན་ཀྱང་སྟོང་པ་མི་གཡོ་སྟེ། ཆོས་སོ་ཅོག་གི་མཚན་མའང་དེ་དང
252b2 མཚུངས་སོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེ་དང་མཚུངས་ཏེ། ལུས་ཀྱང་མེད་ན་ཇི་ལྟར་མཐོང་ཞེས་བྱ། ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ། ཁམས་ཐམས་ཅད་ཀྱང་སྟོང
252b3 ལུས་ཐམས་ཅད་ཀྱང་སྟོང་། རྣམ་པར་ཤེས་པ་ཐམས་ཅད་ཀྱང་སྟོང་ན། ཚོར་བའང་སྟོང་པའི་རིགས་སོ། །སངས་རྒྱས་ཀྱིས་གསུངས་པ། ཚོར་བ་གཅིག་པོ་ཞེས་བྱ་བ་ནི། མི་ཞིགས་མི
252b4 དངོས་ཏེ། ཡང་དག་པར་མི་འགྱུར་བའི་ངོ་བོ་ཉིད་ནི། སྟོང་པའང་མ་ཡིན། མི་སྟོང་པའང་མ་ཡིན། སྟོང་པའང་མེད། མི་སྟོང་པའང་མེད་དོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ
252b5 པ|་ཁམས་ཀྱི་རྣམས་ཀྱང་དེ་བཞིན་ཏེ། སྟོང་པའི་མཚན་མའང་མ་མཆིས། སྟོང་པའི་མཚན་མ་མཆིས་པའང་མ་མཆིས་སོ། །སངས་རྒྱས་ཀྱིས་གསུངས་པ། མ་ཡིན་ནོ། །ཁམས་ཞེས
252b6 བྱ་བ་ནི|་ཕྱི་མོའི་ངོ་བོ་ཉིད་ཡང་དག་པར་མི་འགྱུར་བས་ཡང་དག་པར་མི་འགྱུར་བའི་ཕྱི་མོའི་ངོ་བོ་ཉིད་ལ་གནས་མལ་མེད་དོ། །ཆགས་མེད་བྱང་ཆུབ་སེམས་དཔས་གསོལ་པ།
252b7 ཚོར་བའང་དེ་དང་མཚུངས་ཏེ། གནས་མལ་མ་མཆིས་སོ། །སངས་རྒྱས་ཀྱིས་གསུངས་པ། དེ་ཡིན་ནོ། །ཚོར་བ་ལ་གནས་མལ་མེད་པས་ན། གཙང་གདང་ངོ་། །གཙང་གདང་བ




iiif viewer powered by OpenSeadragon

252a - 253a

Texts on this page

H138 - rdo rje'i ting nge 'dzin gyi chos kyi rnam grangs yi ge