e-texts navigator
Collection
Volume
Page
Wylie

250b1 གསུམ་མེད་དེ། ཀུན་སྟོང་ཞིང་གནས་གཙང་དག་སྟེ། ཆགས་པ་མེད་ནས་ཏིང་ངེ་འཛིན་དུའང་མི་འཇུག་།བསམ་གཏན་ལའང་མི་འཇུག་།སྐྱེ་བའང་མེད། སྤྱོད་པའང་མེད་དོ། །སེམས
250b2 ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་གསོལ་པ། བསམ་གཏན་གྱིས་གཡོ་བ་བསྡུ་བ་དང་། སྒྱུ་མ་འཁྲུགས་པ་རྣམས་ཐུབ་པར་ནུས་ན། ཅིའི་སླད་ནས་བསམ་གཏན་མི་བགྱིད། སངས་རྒྱས
250b3 ཀྱིས་གསུངས་པ། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། གཡོ་བ་ཡིན་ནོ། །མི་གཡོ་ནོ། བསམ་གཏན་མ་ཡིན་ཏེ། སྐྱེ་བ་མེད་པའི་བསམ་གཏན་ཡིན་ནོ། །བསམ་གཏན་གྱི་ངོ་བོ
250b4 ཉིད་སྐྱེ་བ་མེད་དོ། །བསམ་གཏན་སྐྱེ་བའི་མཚན་མ་དང་བྲལ་ལོ། །བསམ་གཏན་གྱི་ངོ་བོ་ཉིད་ལ་ཆགས་པ་མེད་དེ། བསམ་གཏན་གཡོ་བའི་ཆགས་པ་དང་བྲལ་ན། བསམ་གཏན
250b5 གྱི་ངོ་བོ་ཉིད་ལ་གཡོ་བ་དང་། མི་གཡོ་བ་མེད་པར་རིག་པས་སྐྱེ་བ་མེད་པ་ཐོབ་བོ། །སྐྱེ་བ་མེད་པའི་ཤེས་རབ་ནི། སྐྱེ་བ་ལའང་མི་གནས་ཏེ། སེམས་ཀྱང་མི་གཡོའོ། །དེ་ལྟ་བུའི
250b6 ཤེས་རབ་སྤྱད་པས་ན། སྐྱེ་བ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་བོ། །སེམས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་གསོལ་པ། བཙུན་པ། སྐྱེ་བ་མ་མཆིས་པའི་ཤེས་རབ
250b7 ནི|་གནས་ཐམས་ཅད་ལ་ཆགས་པའང་མ་མཆིས། གནས་ཐམས་ཅད་དང་བྲལ་བའང་མ་མཆིས་ཏེ། སེམས་ལ་འདུག་པ་ཡོད་པའི་གནས་མ་མཆིས། གནས་ལ་སེམས་འདུག




iiif viewer powered by OpenSeadragon

250a - 251a

Texts on this page

H138 - rdo rje'i ting nge 'dzin gyi chos kyi rnam grangs yi ge