| | e-texts navigator
|
249b1 སྟེ|་མཐོང་བའང་མ་མཆིས། ཐོས་པའང་མ་མཆིས། སྟོར་བའང་མ་མཆིས། བཏང་བའང་མ་མཆིས་ན། ཇི་ལྟ་བུར་རིག་པ་བླང་ཞེས་བགྱི། རིག་ཏུ་ལགས་ན། དེ་ནི། རྩོད་ཅིང་བརྗོད་པའོ
249b2 རྩོད་པ་མ་མཆིས། བརྗོད་པ་མ་མཆིས་ན། གདོད་སྐྱེ་བ་སྤྱོད་པ་མ་མཆིས་སོ། །སངས་རྒྱས་ཀྱིས་གསུངས་པ། ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བམ། སེམས
249b3 ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་གསོལ་པ། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །དེ་ཅིའི་ཕྱིར་ཞེས་བགྱིས་ན། བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱི་ནང་ན་ཐོབ
249b4 པའང་མ་མཆིས། སྟོར་བའང་མ་མཆིས། ཚོར་བའང་མ་མཆིས། ཤེས་པའང་མ་མཆིས། རྣམ་པར་བརྟགས་པའང་མ་མཆིས་ཏེ། རྣམ་པར་བརྟགས་པ་མ་མཆིས་པའི་ནང་ན་གཙང
249b5 དག་པའི་ངོ་བོ་ཉིད་དོ། །ངོ་བོ་ཉིད་ལ་ནི། བར་ཆད་ཀྱང་མ་མཆིས། འདྲེས་པའང་མ་མཆིས། ཚིག་གི་བཤད་པའང་མ་མཆིས། ཡོད་པའང་མ་མཆིས། མེད་པའང་མ་མཆིས། ཤེས
249b6 པའང་མ་མཆིས། མི་ཤེས་པའང་མ་མཆིས་ཏེ། སྤྱད་དུ་རུང་བའི་ཆོས་རྣམས་ཀྱང་མ་མཆིས་ན། དེ་ཅིའི་ཕྱིར་ཞེས་བགྱིས་ན། ཆོས་སྤྱོད་དོ་ཅོག་གི་གནས་མལ་མི་མཐོང་ངོ་། །ངོ་བོ
249b7 ཉིད་ཡང་དག་པར་མི་འགྱུར་བས་ཕྱི་མོ་ནས་ཐོབ་པ་དང་། མི་ཐོབ་པ་མ་མཆིས་ན། ཇི་ལྟ་བུར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བམ་ཞེས་བགྱི། སངས་རྒྱས་ཀྱིས
iiif viewer powered by OpenSeadragon
249a - 250a