| | e-texts navigator
|
245b1 མེད་དོ|་|གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་བ། བཙུན་པ། མི་བདེན་པའི་སེམས་ཅན་མ་མཆིས་ན། བཏང་ཞིང་དགག་པའང་མ་མཆིས་པའི་རིགས་སོ། །
245b2 སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔའ་མི་བདེན་པའི་ཕྱི་མོ་ནས་མི་སྐྱེ་ན། མི་བདེན་པ་དཔག་ཏུ་མེད་དོ། །སེམས་ལ་སེམས་མེད་པར་རིག་ན། སེམས་གཏང་དུ་མེད
245b3 དོ|་|བྱེ་བྲག་མེད། དབྱེ་བ་མེད་ན། འཕྲལ་གྱི་རྣམ་པར་ཤེས་པ་སྐྱེ་བ་མེད་པས་སྐྱེ་བ་གཏང་དུ་མེད་དོ། །དེ་ནི། གཏང་དུ་མེད་པ་ཡིན་ཏེ། མེད་པའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཏང
245b4 བ་དང་། བཏང་བ་མེད་པའི་ཕྱིར་རོ། །གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ། གཏང་བ་མེད་པའི་བཏང་བ་དེ་ཉིད་ཀྱང་སྐྱེ་བ་ལགས་ན། ཇི་ལྟར་ན་སྐྱེ་བ
245b5 མ་མཆིས་ཞེས་བགྱི། སངས་རྒྱས་ཀྱིས་གསུངས་པ། བྱང་ཆུབ་སེམས་དཔས་སྐྱེ་བ་དེ་བཏང་ན། བཏང་ཟིན་པ་དང་གཏང་བའང་མེད་དེ། གཏང་བ་མེད་པ་ལའང་མི་ཆགས་པ། ཆགས
245b6 པ་མེད་པའང་མི་ཆགས་ན། ཇི་ལྟ་བུར་སྐྱེ་བ་ཡིན་ཞེས་བྱ། གྲོལ་ཐར་བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ། སྐྱེ་བ་མེད་པའི་སེམས་ལ་བླང་བ་དང་། གཏང་བ
245b7 ཅི་མཆིས། ཆོས་ཀྱི་མཚན་མ་གང་ལགས། སངས་རྒྱས་ཀྱིས་གསུངས་པ། སྐྱེ་བ་མེད་པའི་ཆོས་ལ་བླང་བའང་མེད། བཏང་བའང་མེད་དེ། སེམས་མེད་པ་ལ་གནས་ཏེ། ཆོས་མེད
iiif viewer powered by OpenSeadragon
245a - 246a