| | e-texts navigator
|
243a1 པ་བཤད་དེ་སེམས་ཅན་དེ་དག་ལ་སོགས་པ་མཐུན་པར་གྲོལ་ཐར་པར་བགྱིར་སྨོན་ཏོ། །སངས་རྒྱས་ཀྱིས་གསུངས་པ། ཕོ་སྐྱེས་བུ་དགེ་བ། ཁྱོད་ང་ལ་འཇིག
243a2 རྟེན་ནས་འབྱུང་བའི་རྒྱུ་འདི་འདྲ་བ་དྲིས་ཏེ། སེམས་ཅན་ལ་བསྟན་ལ་སེམས་ཅན་དེ་དག་འཇིག་རྟེན་ལས་བྱུང་བའི་འབྲས་བུ་ཐོབ་པར་བྱ་བ་ནི། དོན་ཆེན་པོ་ཞིག་ཡིན་ཏེ། བསམ
243a3 གྱིས་མི་ཁྱབ་བོ། །བྱམས་པ་ཆེན་པོ་སྤྱད། སྙིང་རྗེ་ཆེན་པོ་སྤྱད་པའི་ཕྱིར་ངས་མ་བཤད་ན། སེར་སྣ་དང་བརྐམ་པའི་ནང་དུ་ལྟུང་ངོ་། །ཁྱེད་ལ་སོགས་པ་སེམས་གཅིག་ཏུ་རྟོག
243a4 པར་ཉོན་ཅིག་དང་ཁྱོད་ལ་དགྲོལ་ཞིང་བཤད་དོ། །སྐྱེས་བུ་ཕོ་དགེ་བ། སེམས་ཅན་ལ་སྟོན་སློབ་པ་ནི། སྟོན་པའི་སེམས་སྐྱེ་བའང་མེད། མི་སྟོན་པའི་སེམས་སྐྱེ་བའང་མེད་ན།
243a5 དེ་ནི|་སྟོན་པ་ཆེན་པོ་ཞེས་བྱ་སྟེ། དེ་ནི། སེམས་ཅན་ཀུན་ངའི་སེམས་དང་བྲལ་བའོ། །ངའི་སེམས་ཐམས་ཅད་ཕྱི་མོ་ནས་སྟོང་པ་མི་གཡོ་བ་སྟེ། སྟོང་པའི་སེམས་ཐོབ་ནས
243a6 སེམས་སྒྱུ་མར་སྤྲུལ་པ་མེད་དོ། །སྒྱུ་མའང་མེད་དོ། །སྤྲུལ་པའང་མེད་ན། གདོད་སྐྱེ་བ་མེད་པ་ཐོབ་བོ། །སྐྱེ་བ་མེད་པའི་སེམས་ནི། སྤྲུལ་པ་མེད་པར་གནས་སོ། །གྲོལ་ཐར
243a7 བྱང་ཆུབ་སེམས་དཔས་སངས་རྒྱས་ལ་གསོལ་པ། བཙུན་པ། སེམས་ཅན་གྱི་སེམས་ཀྱི་ངོ་བོ་ཉིད་ཕྱི་མོ་ནས་སྟོང་ཞིང་མི་གཡོའོ། །སྟོང་ཞིང་མི་གཡོ་བའི་སེམས་ནི། ཡིད་ལ
iiif viewer powered by OpenSeadragon
242b - 243b