e-texts navigator
Collection
Volume
Page
Wylie

74b1 ཏ་ཤད་མེད་གྲངས་མེད་པ་དག་ན་ད་ལྟར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་རྒྱུན་མི་འཆད་པར་མཛད་པའི་ཕྱིར་འོད་ཟེར་ཆེན་པོ་འགྱེད་པར
74b2 མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་བ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བདེ
74b3 ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། བདག་གིས་ཇི་ལྟར་ཡོངས་སུ་གཟུང
74b4 བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཆོས་ཀྱི་རྣམ་གྲངས་འདི་ནི་མི་ཟད་པའི་གཏེར་བསྟན་པ་ཞེས་བྱའོ། །ཆོས་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་བསྟན
74b5 པ་ཞེས་བྱ་སྟེ། ཁྱོད་ཀྱིས་དེ་ལྟར་ཡང་མིང་ཡོངས་སུ་གཟུང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་གློག་ཐོབ་དང་། ཚེ་དང་ལྡན་པ
74b6 ཀུན་དགའ་བོ་དང་། འཁོར་བཞི་པོ་རྣམས་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན
74b7 པར་བསྟོད་དོ། ། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། མི་ཟད་པའི་གཏེར་བསྟན་པའི་ལེའུ་ཞེས




iiif viewer powered by OpenSeadragon

74a - 75a

Texts on this page

H64 - 'phags pa glog thob kyis zhus pa zhes bya ba theg pa chen po'i mdo