| | e-texts navigator
|
334a1 བྱུག་པ་དང་། ལྷའི་ཙན་དན་གྱི་ཕྱེ་མ་དག་ཁྱེར་ནས། སིལ་སྙན་དང་། ཕེག་རྡོབ་པ་དག་བྱེད་ཅིང་དེས་པའི་གཡོག་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་སེང་གེའི
334a2 ཁྲི་རྒྱན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་འོང་བར་ཐུགས་སུ་ཆུད་ནས། གཙུག་ལག་ཁང་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའ་དང་། ཉན
334a3 ཐོས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་དྲི་ཟའི་བུ་གཙུག་ཕུང་ལྔ་པས་ལྷའི་བུ་མོ་ཉི་འོད་ལ་སྨྲས་པ། བཟང་མོ། ཚུར་ཤོག། དེས་པའི
334a4 གཡོག་བྱ་བའི་ཕྱིར་རྒྱུད་ཀྱི་སྒྲ་དང་། གླུའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱའོ། །དེ་ནས་ལྷའི་བུ་མོ་ཉི་འོད་ཀྱིས། ལྷའི་བུ་མོ་ལྔ་བརྒྱ་ཙམ་དང་ཐབས་གཅིག་ཏུ་རྒྱུད་ཀྱི
334a5 སྒྲར་སྦྱར་བའི་ཚིགས་སུ་བཅད་པ་འདི་དག་གིས་བསྟོད་པ། ཁྱོད་ཀྱིས་བསྐལ་པ་བརྒྱར་ནི་སྔན་ཆད་དཀའ་ཐུབ་སྤྱད། །ཁྱོད་ནི་བསྡུ་བ་དག་དང་དུལ་དང་སྦྱིན་ལ་དགེས། །ཁྱོད་ཀྱི་སྐུ་གསུང
334a6 ཐུགས་རྣམས་ཡོངས་སུ་དག་པ་སྟེ། །སྲིད་གསུམ་འཇིག་རྟེན་བླ་མ་ལ་ནི་བདག་ཕྱག་འཚལ། །ཁྱོད་ནི་ཐ་བ་མི་མངའ་བཟོད་དང་བྱམས་ལ་དགེས། །ཁྱོད་ནི་བརྩོན་འགྲུས་བརྟན་དང
334a7 སྟོབས་ཀྱི་ཕ་རོལ་གཤེགས། །ཁྱོད་ནི་བསམ་གཏན་བློ་དང་ཚུལ་རྣམས་སྣང་ལ་དགེས། །དྲི་མ་གསུམ་གྱི་ཉེས་པ་སེལ་ལ་བདག་ཕྱག་འཚལ། །ཁྱོད་ནི་འདོད་ཆགས་ཞེ་སྡང་གཏི
iiif viewer powered by OpenSeadragon
333b - 334b