e-texts navigator
Collection
Volume
Page
Wylie

332a1 སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པར་འགྱུར་བའི་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་བསགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ
332a2 ཆེན་པོ། བདུད་ཀྱི་ལས་ཐམས་ཅད་ཡང་དག་པར་འདའ་བར་འགྱུར་བའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །
332a3 རྒྱལ་པོ་ཆེན་པོ། ཚིག་བཙུན་པར་འགྱུར་བའི་བདེན་པ་དང་། མི་རྩུབ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ། སློབས་པ་ཕུན་སུམ་ཚོགས་པར་འགྱུར་བའི
332a4 མི་འཕྱ་བ་དང་། ཐིང་སླད་མི་བགྱིད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ། བརྗེད་ངས་པར་མི་འགྱུར་བའི་ཐོས་པའི་ཡོ་བྱད་གསོག་པ་ནི་བྱང་ཆུབ་སེམས
332a5 དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ། ཐོས་པ་འཛིན་པར་འགྱུར་བའི་སླད་དུ་སློབ་དཔོན་དང་། མཁན་པོ་ལ་གུས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན
332a6 པོ|་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའི་ཐོས་པ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང
332a7 དག་པར་འཛིན་པར་འགྱུར་པའི་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར




iiif viewer powered by OpenSeadragon

331b - 332b

Texts on this page

H71 - 'phags pa nges pas zhus pa zhes bya ba theg pa chen po'i mdo