| | e-texts navigator
|
329a1 ཁྱོད་ཀྱི་འོག་ཏུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག་འདི་ལྟར་ཁྱོད་དག་འདྲ་བར་ནོར་དང་ལྡན་པར་གྱུར་ཀྱང་དེ་དག་ནི། དེས་བས་གོམ་པ་བདུན་བོར་བའི་བར
329a2 གྱི་ཚུལ་ཁྲིམས་དང་། ཐོས་པ་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། བག་ཡོད་པའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པས། དཔེའི་བར་དུ་ཡང་མི་བཟོད་དོ། །
329a3 གསལ་རྒྱལ་གྱིས་གསོལ་པ། བཅོམ་ལྡན་འདས། བདག་གི་ཡུལ་ན་སེམས་ཅན་ཡོན་ཏན་གྱིས་ཆེ་པ་ཉིད་འདི་ལྟ་བུ་དང་ལྡན་པ་དག་གནས་པ་ནི་བདག་གིས་རྙེད་པ་ལེགས་པར
329a4 རྙེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡུལ་ན་སེམས་ཅན་ཡོན་ཏན་གྱིས་ཆེ་བ་ཉིད་འདི་ལྟ་བུ་དང་ལྡན་པ་དག་མང་དུ་གནས་སོ། །དེ་ནས
329a5 རྒྱལ་པོ་གསལ་རྒྱལ་གྱིས་དེས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་གླེངས་པས་ཁོ་བོའི་ང་རྒྱལ་ངེས་བཅོམ་ཕྱིར། །དེས་པ་ཁྱོད་ནི་ཁོ་བོའི་སྟོན་པ་གཉིས་པ་སྟེ། །རྒྱལ་སྲིད
329a6 འདི་ཀུན་ཁྱོད་སྦྱིན་ཁོ་བོ་དབུང་དང་བཅས། །ཁྱོད་ཀྱི་སློབ་མ་ཡིན་གྱི་ཁྱོད་ཀྱིས་བདག་སློབས་ཤིག། ཁོ་བོ་ཡུན་རིང་དག་ཏུ་ང་རྒྱལ་གྱིས་ཀྱང་བསླུས། །སྡིག་པའི་གྲོགས་པོ་དག་གིས
329a7 བསྐོར་ཅིང་བཟུང་བ་ལས། །དེས་པ་ཁྱོད་ཉིད་ལས་ནི་ཆོས་འདི་ཐོས་པ་ན། །རབ་ཏུ་བསྡམས་ཏེ་ཁོ་བོས་ཆོས་བཞིན་སྤྱད་པར་བྱ། །ཁྱིམ་ན་གནས་པ་བརྒྱ་ཕྲག་ལྔ་པོ་འདི་དག་ནི།།
iiif viewer powered by OpenSeadragon
328b - 329b