| | e-texts navigator
|
324a1 པ་ནི་ཤིན་ཏུ་བག་མེད་པའོ། །འདོད་པ་ལ་བསྟེན་པ་ནི་ཉོན་མོངས་པ་ཤིན་ཏུ་འཕེལ་བར་ཕྱེད་པའོ། །འདོད་པ་ལ་བསྟེན་པ་ནི་ཤིན་ཏུ་བར་དུ་གཅོད་པར་བྱེད་པའོ། །དེ
324a2 ནས་དེའི་ཚེ་གྲོང་ཁྱེར་གྱི་དབུལ་པོ་དེས་པས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདོད་པ་མི་རྟག་རྟག་ཏུ་སྨད་པ་སྟེ། །ཤིན་ཏུ་སྡུག་བསྔལ་བདེ་བ་འཇིག་པར་བྱེད། །རྟག་ཏུ་ངན་སོང
324a3 ས་རྣམས་ཁྱིམ་དུ་གྱུར། །སེམས་རྨོངས་གྱུར་པ་དག་གིས་རྟག་ཏུ་བསྟེན། །འཐབ་རྩོད་ཅན་ཏེ་མི་བདེ་མཚང་དུ་གྱུར། །རྟག་ཏུ་འགྱེད་ཅིང་མི་མཐུན་གོ་རར་གནས། །འདི་དག་ཕྱིན
324a4 ཅི་ལོག་བསྐྱེད་བཞི་ཡིན་ཏེ། །འདོད་བསྟེན་སྲེད་པ་འཕེལ་བྱེད་བདེ་བ་མེད། །རྣམ་རྨོངས་རབ་རྨོངས་དེ་བཞིན་ཀུན་ཏུ་རྨོངས། །འདོད་བསྟེན་རྟག་ཏུ་གཟིར་ཅིང་གནོད་པ་སྟེ། །འདི་ནི
324a5 ཀུན་གདུངས་རྣམ་གདུངས་ཡོངས་སུ་གདུངས། །སྡིག་པར་སྦྱོར་ཞིང་དགེ་བ་ཆུད་གསོན་པ། །འདི་ནི་མི་དགེ་ཀུན་གྱི་རྩ་བ་སྟེ། །འདོད་བསྟེན་དཔེར་ན་སྤྲིན་གྱི་དྲ་བ་འདྲ། །འདོད་བསྟེན
324a6 ཤ་ཟ་མོ་དང་སྲིན་མོ་དང་། །བུད་མེད་གཟུགས་མི་སྡུག་དང་འདྲིས་བྱེད་བཞིན། །འདི་ནི་བ་ལང་བོང་བུ་རྟ་དག་དང་། །ཕག་དང་ཁྱི་དང་ཝ་དང་རྔ་མོ་དང་། །གླང་ཆེན་ལུག་རྣམས་ཀྱིས
324a7 ཀྱང་བསྟེན་པ་སྟེ། །འདོད་པ་སྐྱེས་བུ་དམ་པ་རྣམས་ཀྱིས་སྤངས། །འདོད་བསྟེན་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །དཀའ་ཐུབ་བརྟུལ་ཞུགས་རྣམས་ནི་འཇོམས་པ་སྟེ། །འདི་ལ
iiif viewer powered by OpenSeadragon
323b - 324b