e-texts navigator
Collection
Volume
Page
Wylie

323b1 པའོ། །འདོད་པ་ལ་བསྟེན་པ་ནི་ངན་འགྲོ་ན་གནས་པའོ། །འདོད་པ་ལ་བསྟེན་པ་ནི་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དག་ལ་བསྟན་པའོ། །འདོད་པ་ལ་བསྟེན་པ་ནི་མི་མཐུན་པ་དང་། གོ་ར་ན་གནས
323b2 པའོ|་|འདོད་པ་ལ་བསྟེན་པ་ནི་ཕྱིན་ཅི་ལོག་སྐྱེད་པའོ། །འདོད་པ་ལ་བསྟེན་པ་ནི་སྲེད་པའི་བག་ལ་ཉལ་བ་ལ་གནས་པའོ། །འདོད་པ་ལ་བསྟེན་པ་ནི་རྣམ་པར་རྨོངས་ཤིང་ཤིན་ཏུ་རྨོངས་ལ་ཀུན་ཏུ
323b3 རྨོངས་པའོ། །འདོད་པ་ལ་བསྟེན་པ་ནི་ཉེ་བར་གཟིར་ཅིང་རྣམ་པར་གཟིར་ལ་རབ་ཏུ་གཟིར་བའོ། །འདོད་པ་ལ་བསྟེན་པ་ནི་ཀུན་དུ་གདུངས་ཤིང་རྣམ་པར་གདུངས་ལ་ཡོངས་སུ་གདུངས་པའོ། །འདོད་པ
323b4 ལ་བསྟེན་པ་ནི་མི་དགེ་བའི་རྗེས་སུ་འཇུག་ཅིང་། དགེ་བ་ཡོངས་སུ་ཉམས་པར་བྱེད་པའོ། །འདོད་པ་ལ་བསྟེན་པ་ནི་མི་དགེ་བའི་རྩ་བ་བསྐྱེད་པའོ། །འདོད་པ་ལ་བསྟེན་པ་ནི་མི་དགེ་བའི་སྤྲིན་གྱི་དྲ
323b5 བས་ཀུན་ནས་ཁེབས་པའོ། །འདོད་པ་ལ་བསྟེན་པ་ནི་སྲིན་མོ་དང་འདྲིས་པར་བྱེད་པ་དང་། གཟུགས་མི་སྡུག་པ་དང་འདྲིས་པར་བྱེད་པ་དང་། ཤ་ཟ་མོ་དང་འདྲིས་པར་བྱེད་པའོ། །འདོད་པ་ལ་བསྟེན
323b6 པ་ནི་བ་གླང་དང་། བོང་བུ་དང་། ཁྱི་དང་། ཕག་དང་། རྔ་མོ་དང་། གླང་པོ་ཆེ་དང་། རྟ་དང་། ལུག་དང་། ཝ་ལ་བསྟེན་པའོ། །འདོད་པ་ལ་བསྟེན་པ་ནི་སྐྱེས་བུ་དམ་པ་མ་ཡིན་པ་ལ་བསྟེན་པའོ། །
323b7 འདོད་པ་ལ་བསྟེན་པ་ནི་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་ཡོངས་སུ་འདོར་བ་ལ་བསྟེན་པའོ། །འདོད་པ་ལ་བསྟེན་པ་ནི་བརྟུལ་ཞུགས་དང་། དཀའ་ཐུབ་འདོར་བའོ། །འདོད་པ་ལ་བསྟེན




iiif viewer powered by OpenSeadragon

323a - 324a

Texts on this page

H71 - 'phags pa nges pas zhus pa zhes bya ba theg pa chen po'i mdo