| | e-texts navigator
|
323a1 བལྟས་ནས་སྨྲས་པ། ཁྱེད་གཉིས་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ཞུགས་པ་རྣམས་ཀྱི་བསྙེན་བཀུར་བྱེད
323a2 པ་ཡིན་གྱི། ལྷ་དང་མིར་ཞུགས་པ་དག་གི་ནི་མ་ཡིན་ནོ། །ཁྱེད་གཉིས་ཀྱི་ལུས་ནི་སྒྱུ་མ་དང་། རྨི་ལམ་གྱི་རང་བཞིན་ལྟ་བུར་ཁོ་བོས་མཐོང་ངོ་། །ཁྱེད་གཉིས་ཀྱི་གཟུགས་ནི་ལྦུ་བ་དང་།
323a3 ཆུ་བུར་དང་། སྨིག་རྒྱུ་ལྟ་བུར་མཐོང་ངོ་། །ཁྱེད་ཙན་དན་གྱི་ལྡེ་གུས་བྱུགས་པ་ནི་པགས་པ་རློན་པ་ཤས་གཡོགས་པ་ལྟ་བུར་མཐོང་ངོ་། །ཁྱེད་ཀྱི་རྒྱན་དང་། ལྷབ་ལྷུབ་ནི་མི་སླུ་བའི་སྒྱུ
323a4 མ་བྱས་པ་ལྟ་བུར་མཐོང་ངོ་། །ཁྱེད་ཀྱི་ལང་ཚོ་ནི་མི་རྟག་པ་དང་། འགྱུར་བའི་ཆོས་ཅན་དུ་མཐོང་ངོ་། །བསོད་ནམས་མ་ཡིན་པར་མཐོང་བའི་ཕྱིར། ཁྱེད་གཉིས་ལ་ཁོ་བོ་མི་ཆགས་སོ། །
323a5 ཁྱེད་གཉིས་ནི་སྤྲེའུ་དང་། བུད་མེད་ཀྱི་སེམས་ལྟ་བུར་གྱུར་པ་རྣམས་ཀྱི་བསྙེན་བཀུར་བྱེད་པ་ཡིན་གྱི། སེམས་དྲན་པས་ཀུན་ནས་བསྲུང་བ་དག་གི་ནི་མ་ཡིན་ནོ། །ཆེ་ཞེ་དག། འདོད
323a6 པ་ལ་བསྟེན་པ་ནི་མི་སྡུག་པའོ། །འདོད་པ་ལ་བསྟེན་པ་དེ་ནི་དྲི་ང་བའོ། །འདོད་པ་ལ་བསྟེན་པ་ནི་རུལ་བའོ། །འདོད་པ་ལ་བསྟེན་པ་ནི་ཤིན་ཏུ་སྡུག་བསྔལ་བའོ། །འདོད་པ་ལ་བསྟེན
323a7 པ་ནི་བདེ་བ་ཐམས་ཅད་ཡོངས་སུ་འགྲིབ་པར་བྱེད་པའོ། །འདོད་པ་ལ་བསྟེན་པ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་བསྟེན
iiif viewer powered by OpenSeadragon
322b - 323b