| | e-texts navigator
|
312a1 ཆུབ་ཀྱི་སེམས་ལ་སྨོན་པ་དང་། བྱང་ཆུབ་ཀྱི་སེམས་ལ་སྨོན་ལམ་འདེབས་པ་རྗེས་སུ་དྲན་ཞིང་འདུན་པ་དྲག་པོ་དང་། དགའ་བ་དྲག་པོ་དང་། དད་པ་དྲག་པོས་སེམས
312a2 ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི
312a3 ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། །མ་འོངས་པའི་དུས་ཀྱི་བདག་གི་དགེ་བའི་རྩ་བ་རྣམས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ
312a4 ཏུ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་ཡང་འདུན་པ་དྲག་པོ་དང་། དགའ་བ་དྲག་པོ་དང་། དད་པ་དྲག་པོས་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད
312a5 དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར
312a6 འདོད་དོ། །མོས་སོ། །ཡིད་ཀྱིས་སྨོན་ནོ། །ད་ལྟར་བྱུང་བའི་བདག་གི་དགེ་བའི་སེམས་ཀྱི་རྒྱུན་དང་། དགེ་བའི་སེམས་ཀྱི་རྒྱུད་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན
312a7 ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས
iiif viewer powered by OpenSeadragon
311b - 312b