| | e-texts navigator
|
440b1 ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། སངས་རྒྱས་འཇིག་རྟེན་ལ་བརྩེ་བས། །དགྲ་བཅོམ་དེ་བཞིན་གཤེགས་པ་ལ། །ཉི་མ་སྐྱབས་སུ་སོང་བས་ན། །སྒྲ་གཅན་འཛིན་གྱིས་ཉི་མ་ཐོངས། །
440b2 གང་ཞིག་མུན་པ་སྣང་བས་གསལ་བར་བྱེད། །རྣམ་སྣང་དྲག་པོའི་གཟི་བརྗིད་དཀྱིལ་འཁོར་ཅན། །ནམ་མཁའི་ཉི་མ་སྒྲ་གཅན་སྒྲིབ་མ་བྱེད། །ཉི་མ་འདི་ནི་སྒྲ་གཅན་གྱིས་ཐོངས་ཤིག་།དེ
440b3 ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་ལྷའི་བུ་ཉི་མ་གྲོལ་བར་བྱས་ནས། སྔར་གྱི་གཟུགས་བཞིན་དུ་གང་སུ་ཞིག་གིས་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཀྱི་དྲུང་དུ་སོང
440b4 ཞིང་སོང་ནས། སེམས་མི་དགའ་ཞིང་ཡི་མུག་པས་བ་སྤུ་ལངས་པར་གྱུར་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ།
440b5 ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཀྱིས་ཚིགས་སུ་བཅད་པ་སྨྲས་པ། ཅི་ཕྱིར་ཡིད་ནི་སྐྲག་པར་གྱུར། །སྒྲ་གཅན་འཛིན་གྱིས་ཉི་མ་ཐོངས། །གཟུགས་ཀྱི་རྣམ་འགྱུར་ཀུན་ཏུ་ངན། །
440b6 ཅི་ཕྱིར་འཇིགས་པས་འདི་རུ་ལྷགས། །དེས་སྨྲས་པ། སངས་རྒྱས་ཚིགས་བཅད་ཐོས་ནས་ནི། །བདག་གིས་ཉི་མ་མ་བཏང་ན། །མགོ་བོ་ཚལ་པ་བདུན་འགས་ཤིང་། །འཚོ་བ་ལ་ནི
440b7 བདེ་བ་མེད། །ཉི་མའི་མདོ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨཱ་ནནྟ་ཤྲཱིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱ་ཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང
iiif viewer powered by OpenSeadragon
440a - 441a