e-texts navigator
Collection
Volume
Page
Wylie

436b1 ཅད་ཀྱིས་རྗེས་སུ་གནས་བརྟན་ཆེན་པོ་མཽ་དགལ་གྱི་བུས་བཙུན་པ་བདག་གིས་གདུལ་བར་བགྱིའམ། ཞེས་ཞུས་པ་དང་། མཽ་དགལ་གྱི་བུ། ཐུལ་ཅིག། ཅེས་བཅོམ་ལྡན་འདས་ཀྱིས
436b2 གནང་བ་བྱིན་ནོ། །གནས་བརྟན་རང་གི་ལུས་བོར་ལ་ཀླུའི་རྒྱལ་པོའི་ལུས་ཆེན་པོར་སྤྲུལ་ཏེ། དགའ་བོ་ཉེར་དགའི་ལུས་ཀྱི་སྟེང་དུ་ལན་བཅུ་བཞི་ལུས་ཀྱིས་དཀྲི་བ་དང་། དེའི་གདེངས
436b3 ཀའི་སྟེང་དུ་རང་གི་གདེངས་ཀ་བྱའོ། །རི་བོ་མཆོག་རབ་དང་བཅས་པ་ཐམས་ཅད་ནོན་ཅིག་།ཅེས་བཀའ་སྩལ་པ་དང་། གནས་བརྟན་མཽ་དགལ་གྱི་བུས་དེ་བཞིན་དུ་བྱས་སོ། །དེ་ནས
436b4 ཀླུའི་རྒྱལ་པོ་དགའ་བོ་ཉེར་དགས་ཁ་རླངས་ཀྱི་དུ་བ་བཏང་ངོ་། །གནས་བརྟན་གྱིས་ཀྱང་ཁྱེད་ཀྱི་ལུས་ལ་ཁ་རླངས་ཀྱི་དུ་བ་ཡོད་ལ་ངེད་ལ་མེད་པ་ཡིན་ནམ་ཞེས་ཁ་རླངས་བཏང་ངོ་། །
436b5 ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའི་དུ་བས་གནས་བརྟན་ལ་གནོད་པར་མ་གྱུར་རོ། །གནས་བརྟན་གྱི་ཁ་རླངས་ཀྱི་དུ་བས་ཀླུའི་རྒྱལ་པོ་ལ་གནོད་པར་གྱུར་ཏོ། །ཀླུའི་རྒྱལ་པོ་རབ
436b6 ཏུ་འབར། གནས་བརྟན་གྱིས་ཁྱེད་ཀྱི་ལུས་ལ་འབར་བ་ཡོད་པ་བཞིན་ངེད་ལ་མེད་དམ་ཞེས་འབར་བར་བྱས་སོ། །ཀླུའི་རྒྱལ་པོའི་མེ་འོད་ཀྱིས་གནས་བརྟན་ལ་གནོད་པར་མ་གྱུར་ཏོ། །གནས
436b7 བརྟན་གྱི་མེ་འོད་ཀྱིས་ཀླུའི་རྒྱལ་པོ་ལ་གནོད་པར་གྱུར་ཏོ། །ཀླུའི་རྒྱལ་པོས་བསམས་པ། འདི་ནི་བདག་གི་ལུས་རི་བོ་མཆོག་རབ་དར་བཅས་པ་ངེས་པར་མནན་ནས་དུ་བ་དང་། མེ་འབར་བར




iiif viewer powered by OpenSeadragon

436a - 437a

Texts on this page

H40 - klu'i rgyal po dga' bo nyer dga' 'dul ba'i mdo